འབྲི་རུ་ནས་སླར་ཡང་བོད་མི་༡༧བཟུང་འདུག


2013-11-07
Share
འབྲི་རུ་ཁུལ་ལ་རྒྱ་ནག་གི་དམག་མི་དཀྲམ་ཡོད་པའི་རྣམ་པ། འབྲི་རུ་ཁུལ་ལ་རྒྱ་ནག་གི་དམག་མི་དཀྲམ་ཡོད་པའི་རྣམ་པ།
པར། TCHRD

རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཉིན་ཤས་གོང་སྔ་ཕྱིར་འབྲི་རུ་ནས་ཉུང་མཐར་ཡང་བོད་མི་གྲངས ༡༧ འཛིན་བཟུང་བཀག་ཉར་བྱས་འདུག

འདི་གར་གནས་ཚུལ་འབྱོར་བ་ལྟར་ན། བོད་ཤར་ཕྱོགས་ནགས་ཤོད་འབྲི་རུ་རྫོང་བོམ་ཕན་ཤང་ངམ། གཤམ་ཆུ་ཤང་སྟེང་མཁར་གྲོང་ནས་གཟའ་ཉི་མའི་མཚན་མོ་དང་། གཟའ་ཟླ་བའི་ཉིན་མོར་སྔ་རྗེས་སུ་མི་གྲངས་༡༧རྫོང་ཉེན་རྟོག་ལས་བྱེད་པ་དང་དམག་མིས་འཛིན་བཟུང་བྱས་ཡོད་འདུག   འཛིན་བཟུང་བྱས་པའི་མི་དེ་དག་ནང་བེུད་གསུམ་དང་།  སྐྱེས་པ་༡༢ཡོད་ཅིང་། ཁོང་ཚོ་མང་ཆེ་བ་གཞོན་སྐྱེས་ཡིན་པ་དང་།  ཁོང་རྣམས་འཇུ་བཟུང་བྱེད་དགོས་དོན་ནི།  ཟླ་བ་༡༠པའི་ཚེས་༡༡དང་༡༢ཉིན་གཉིས་རིང་ཁམས་ནག་ཤོད་འབྲི་རུ་བོམ་ཕན་ སྟེང་མཁར་གྲོང་ནས་ཡིན་པའི་གཞོན་སྐྱེས་རྩོམ་པ་པོ་ཚུལ་ཁྲིམས་རྒྱལ་མཚན་ལགས་དང་།  ཁོང་གི་གྲོགས་པོ་གཡུལ་རྒྱལ་ལགས་གཉིས་ སྟེང་མཁར་གྲོང་ནས་དངོས་སུ་འཛིན་བཟུང་བྱས་ནས་ཉིན་གྲངས་མང་པོ་སོང་རུང་ཁོང་གཉིས་གར་ཡོད་དགའ་ཉེ་སྤུན་མཆེད་སུས་ཀྱང་ཤེས་རྟོགས་མེད་པར་བརྟེན་ཁོང་གཉིས་གློད་འགྲོལ་ཡོང་རྒྱུར་ས་གནས་མི་མང་མང་པོས་སྔ་རྗེས་སུ་ཤང་སྲིད་གཞུང་དང་།  རྫོང་སྲིད་གཞུང་གི་འབྲེལ་ཡོད་ལས་ཁང་དུ་ཕྱིན་ནས་ཁོང་གཉིས་ལ་ནག་ཉེས་གང་ཡང་མེད་པས་ཁོང་གཉིས་གློད་འགྲོལ་གཏོང་རྒྱུའི་ཞུ་འབོད་རིམ་པ་ཞུས་ཡོད་ན་ཡང་།  དེར་གཞུང་ཕྱོགས་ནས་ཁ་ཡ་མ་བྱས་པ་མ་ཟད།   དེའི་གོང་དུ་ཁོང་གཉིས་གློད་འགྲོལ་དགོས་པའི་ཞུ་འབོད་བྱེད་དུས་ལས་བྱེད་པ་དང་ཕན་ཚུན་ཁ་རྩོད་ཤོར་རྐྱེན་ལས་བྱེད་པས་ཉེན་རྟོག་པར་བརྡ་བཏང་ནས་གྲོང་ཚོ་དེའི་ནང་གི་གཞོན་སྐྱེས་བཅུ་གྲངས་ཤིག་འཛིན་བཟུང་བྱས་ཡོད་འདུག   འཇུ་བཟུང་བྱས་པའི་མི་མང་ཆེ་བ་འབྲི་རུ་རྫོང་བཙོན་ཁང་དུ་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། ཁག་ཅིག་ས་གནས་གཞན་ལ་ཁྲིད་ཚར་ཡོད་འདུག

གསར་འགོད་པ་འཆི་མེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།