བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་༡༧པ་དབུ་འཛུགས།

2018-09-01
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་མངའ་སྡེ་མི་ནི་སོ་ཊར་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་༡༧པ་དབུ་འཛུགས་གནང་ཡོད་པ།
ཨ་རིའི་མངའ་སྡེ་མི་ནི་སོ་ཊར་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་༡༧པ་དབུ་འཛུགས་གནང་ཡོད་པ།
བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་ངོ་དེབ།

༄༅། །ཨ་རིའི་མངའ་སྡེ་མི་ནི་སོ་ཊར་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་༡༧པ་དེ་བཞིན་ཕྱི་ཟླ་༨ཚེས་༣༡ནས་དབུ་འཛུགས་ཀྱིས་ཚེས་༢བར་གནང་བཞིན་ཡོད་པར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་བསྩལ་གནང་མཛད་འདུག།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་བཀའ་ཟུར་དངོས་གྲུབ་ཚེ་རིང་མཆོག་རྣམ་གཉིས་དབུ་བཞུགས་ཐོག་ཚོགས་ཆེན་གནང་བཞིན་འདུག།

བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༡༧ པ་དེ་མི་ནི་སོ་ཊར་ཚོགས་གནང་དགོས་པའི་རྒྱུ་མཚན་དེའང་། མི་ནི་སོ་ཊ་བོད་རིགས་ཚོགས་པ་དབུ་བརྙེས་ནས་ལོ་ངོ་༢༥འཁོར་གྱི་ཡོད་པའི་སྲུང་བརྩི་དངཆབས་ཅིག མངའ་ཁུལ་དེའི་ནང་གི་བོད་མི་ཚོར་བཀའ་དྲིན་ཤིན་ཏུ་ཆེ་བའི་ཨ་རིའི་ས་གནས་དཔོན་རིགས་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ལ་སོགས་པའི་ལས་རིམ་མང་པོ་ཞིག་འཆར་བཀོད་གནང་འདུག

གསར་འགོད་པ་རྩོམ་སྒྲིག་འགན་འཛིན་རིག་ལྡན་སྒྲོལ་མ།

མཆན། (0)
Share
དྲ་གནས་ཆ་ཚང༌།