བོད་རྒྱ་འབྲེལ་མོལ་གྱི་ལས་དོན་ཚོགས་ཆུང་ཚོགས་ཐེངས་༡༩པ།

བོད་རྒྱ་འབྲེལ་མོལ་གྱི་ལས་དོན་ཚོགས་ཆུང་ཐེངས་བཅུ་དགུ་པ་དེ་རིང་བཞུགས་སྒར་དུ་བཀའ་ཤག་ལྷན་ཚོགས་ཁང་དུ་འགོ་བཙུགས་གནང་ཡོད་པ།

2009.06.16

༄༅༎དེ་རིང་བཙན་བྱོལ་བོད་གཞུང་གི་གསར་འགྱུར་དྲ་རྒྱའི་ཐོག་ལ་བོད་རྒྱ་འབྲེལ་མོལ་གྱི་ལས་དོན་ཚོགས་ཆུང་ཐེངས་བཅུ་དགུ་པ་དེ་རིང་བཞུགས་སྒར་རྡ་རམ་ས་ལའི་བཀའ་ཤག་ལྷན་ཚོགས་ཁང་དུ་འགོ་བཙུགས་གནང་ཡོད་པའི་སྐོར་གནས་ཚུལ་སྤེལ་ཡོད་པ་རེད།

བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་དེ་རིང་ནས་འགོ་བཙུགས་ཏེ་ཉིན་གཉིས་རིང་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བཙན་བྱོལ་བོད་གཞུང་བཀའ་ཤག་ལྷན་ཁང་དུ་སྐོང་ཚོགས་གནང་རྒྱུ་ཡིན་ཞིང་ཐེངས་འདིའི་ལས་དོན་ཚོགས་ཆུང་དེ་སྐོང་ཚོགས་གནང་དགོས་པའི་ནང་དོན་གཙོ་བོ་ནི་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་གིས་བོད་མི་དམངས་རྣམས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་མིང་མཐུན་མཚུངས་པའི་རང་སྐྱོང་གི་གནས་བབ་དགོས་པའི་སྐོར་གྱི་བསམ་འཆར་ཡིག་ཐོག་ཏུ་རྒྱ་ནག་གཞུང་ལ་ཕུལ་བ་དེར་རྒྱ་ནག་ཕྱོགས་ནས་དེར་ངོས་ལེན་ཙམ་མེད་ཁར་དེ་ལས་ལྡོག་ཏེ་འགྲེལ་བརྗོད་ལོག་པ་དང་འཁྱོག་བཤད་བྱེད་པའི་གནས་སྟངས་ལ་སླར་ཡང་འགྲེལ་བརྗོད་བྱ་དགོས་པར་གཟིགས་ཏེ་གནད་དོན་དེའི་ཐོག་གོ་བསྡུར་གནང་རྒྱུ་ཡིན་པ་རེད། ད་རེས་ཀྱི་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་བཅུ་དགུ་པ་དེའི་ཐོག་ཚོགས་མི་ཆ་ཚང་བ་ཚོགས་ཞུགས་གནང་ཐུབ་མེད་ཀྱང་བཞུགས་སྒར་རྡ་རམ་ས་ལར་བཞུགས་པའི་ཚོགས་མི་རྣམས་གཙོས་པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ་དང་སྐལ་བཟང་རྒྱལ་མཚན་ལགས་རྣམ་གཉིས་དང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་དང་བཀའ་བློན་ལས་ཐོག་སྐུ་ངོ་བསྟན་པ་ཚེ་རིང་ལགས།ཐེ་དབན་ནང་དུ་ཡོད་པའི་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་བཅས་ཚོགས་ཞུགས་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎