རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཉི་ཤུ་སྲོག་ཐོག་བཏང་བ།

འདི་ལོའི་ཕྱི་ཟླ་བདུན་པའི་ནང་གི་ཟིང་འཁྲུག་དང་འབྲེལ་བ་ཡོད་ཚུལ་ཉེས་བཙུགས་འོག་ད་བར་ཡུ་གུར་ཁ་ཆེའི་མི་རིགས་ཉི་ཤུ་སྲོག་ཐོག་བཏང་འདུག

2009.12.07

༄༅༎འདི་ལོའི་ཕྱི་ཟླ་བདུན་པའི་ནང་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀིསི་ཐན་གྱི་རྒྱལ་ས་ཨུ་རུམ་ཅིའི་ནང་ས་གནས་ཡུ་གུར་་ཁ་ཆེའི་མི་རིགས་དང་རྒྱ་ཧན་མི་རིགས་གཉིས་དབར་ཟིང་འཁྲུག་བྱུང་བ་དང་འབྲེལ་བ་ཡོད་ཚུལ་རྒྱ་ནག་གཞུང་གིས་ཉེས་བཙུགས་འོག་ད་བར་ཡུ་གུར་ཁ་ཆེའི་མི་རིགས་ཉི་ཤུ་སྲོག་ཐོག་བཏང་འདུག རྒྱ་ནག་མི་མང་ཉིན་རེའི་གསར་ཤོག་ལྟར་ན་གཟའ་པ་སངས་ཉིན་གོང་ཞུས་དོན་རྐྱེན་དང་འབྲེལ་བ་ཡོད་པའི་ནག་ཉེ་འོག་ཡུ་གུར་ཁ་ཆེའི་མི་རིགས་གསུམ་ལ་སྲོག་ཐོག་བཏང་བ་དང་རེས་གཟའ་ཕུར་བུའི་ཉིན་དོགས་གཞི་ཅན་གྱི་མི་གྲངས་བཅུ་གསུམ་ལ་ཁྲིམས་གཏུགས་བྱས་པའི་ཁོངས་ནས་མི་གསུམ་ལ་སྲོག་ཐོག་ཉེས་ཆད་བཏང་བ་དང་མི་གྲངས་གཞན་བཅུ་པར་ཚེ་བཙོན་ཁྲིམས་ཐག་བཅད་ཡོད་པ་རེད་ གང་ལྟར་ད་བར་ཤིན་ཅང་གི་རྒྱལ་ས་ཨུ་རུམ་ཅིའི་ནང་བྱུང་བའི་ཟིང་འཁྲུག་དང་འབྲེལ་བ་ཡོད་པའི་ཉེས་མིང་འོག་ཡུ་གུར་ཁ་ཆེའི་མི་རིགས་ཉི་ཤུ་རྒྱ་ནག་གཞུང་གིས་སྲོག་ཐོག་ཉེས་ཆད་བཏང་འདུག རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱིས་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཚང་མར་ཐོབ་ཐང་འདྲ་མཉམ་ཡོད་པའི་འགན་ལེན་བྱས་ཀྱང་ ཤིན་ཅང་གི་ཡུ་གུར་ཁ་ཆེའི་མི་རིགས་གཙོས་པའི་གྲངས་ཉུང་མི་རིགས་ཚོས་གྲངས་མང་རྒྱ་ཧན་མི་རིགས་ཀྱིས་ཁོང་ཚོར་མཐོང་ཆུང་ཁྱད་གསོད་བྱས་པ་མ་ཟད་ རྒྱ་ནག་གཞུང་གིས་མི་རིགས་དབྱེ་འབྱེད་ཀྱི་སྲིད་ཇུས་འཛིན་པའི་རྐྱེན་གྱིས་ས་གནས་ཡུལ་མི་དང་དེ་ཚོའི་ནང་གནས་སྤོས་བྱས་པའི་རྒྱ་ཧན་མི་རིགས་དབར་ཐེན་འཁྱེར་ཇེ་ཆེར་འགྲོ་ཡི་ཡོད་སྐོར་བརྗོད་ཡོད་པའི་གནས་ཚུལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎