བོད་མི་ཞི་རྒོལ་བ་སངས་རྒྱས་རྒྱ་མཚོ་ལགས་འདས་གྲོངས།

སངས་རྒྱས་རྒྱ་མཚོ་ལགས་རྒྱ་གཞུང་གི་འཛིན་བཟུང་ནས་གཡོལ་ཐབས་ཆེད་བྲོས་བྱོལ་གྱིས་ཉེ་ལམ་འདས་གྲོངས་འགྱུར་བའི་ཡིད་སྐྱོའི་གནས་ཚུལ།

2011-02-28
Share

༄༅༎བོད་ཀྱི་ས་བྱི་ལོའི་ཞི་བའི་ངོ་རྒོལ་ནང་ཞུགས་མཁན་སངས་རྒྱས་རྒྱ་མཚོ་ལགས་རྒྱ་གཞུང་གི་འཛིན་བཟུང་ནས་གཡོལ་ཐབས་ཆེད་བྲོས་བྱོལ་གྱིས་རང་ཉིད་ཀྱི་ལུས་སེམས་གཉིས་གདུང་ནས་ཉེ་ལམ་འདས་གྲོངས་འགྱུར་བའི་ཡིད་སྐྱོའི་གནས་ཚུལ། བཙན་བྱོལ་བོད་གཞུང་གི་དྲ་གནས་ནང་གནས་ཚུལ་སྤེལ་ཡོད་པ་རེད།

ཁོང་ཕྱི་ལོ་༢༠༠༨ལོའི་ས་བྱི་ལོའི་ངོ་རྒོལ་གྱི་ལས་འགུལ་དེར་བོད་ཀྱི་ ཨ་མདོ་བླ་བྲང་ནས་ཞུགས་ཡོད་ཅིང་། ཁོང་དང་ཁོང་གི་ཕྱག་རོགས་དགེ་འདུན་པ་ཁག་ཅིག་གིས་ཕྱི་ལོ་༢༠༠༨ལོའི་ཟླ་༤ཚེས་༤ ཉིན་ཕྱི་རྒྱལ་གྱི་གསར་འགོད་པར་བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་གཞི་རྩའི་ འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་དང་གཏོང་བཞིན་པའི་གནས་ཚུལ་ངོ་སྤྲོད་གནང་ ཡོད་པ་རེད།    དེ་རྗེས་ཁོང་རྒྱ་མིའི་ཉེན་རྟོག་པས་འཛིན་བཟུང་དོ་དམ་བྱས་པའི་ཉེན་ཁའི་འོག་བླ་ བྲང་ས་ཁུལ་ནས་རི་སྡེབས་སུ་བྲོས་བྱོལ་དུ་མ་འགྲོ་ཀ་མེད་འགྱུར་བར་བཟའ་འཐུང་གི་ དཀའ་ངལ་འོག་ནད་ཀྱིས་མནར་ནས་མཐར་འདི་ལོའི་ཕྱི་ཟླ་༢པའི་ཚེས་༢༦ཉིན་སྐུ་ཚེའི་ འཕེན་པ་རྫོགས་ཡོད་པ་རེད། ཁོང་གི་རྗེས་ཤུལ་ནང་མི་ཕ་མ་གཉིས་དགུང་གྲངས་༧༠འགལ་ཡོད་པ་རེད། སངས་རྒྱས་རྒྱ་མཚོ་ལགས་ཕྱི་ལོ་༡༩༦༩ལོར་ཨ་མདོ་བླ་བྲང་བཀྲིས་འཁྱིལ་གྱི་འབྲོག་ པའི་ནང་མི་ཞིག་ནང་འཁྲུངས་བ་དང་ཁོང་དགུང་གྲངས་༡༦ལ་སོན་སྐབས་བླ་བྲང་དགོན་པར་ གྲ་ཞུགས་གནང་ཡོད་པ་རེད།           ཕྱི་ ལོ་༡༩༩༡ལོར་ཁོང་རྒྱ་གར་ལྷོ་ཕྱོགས་འབྲས་སྤུང་སྒོ་མང་གྲྭ་ཚང་དུ་སློབ་ཞུགས་གནང་ཡང་དེ་གར་སྐུ་གཟུགས་འཕྲོད་པོ་མ་བྱུང་བར་བརྟེན་བོད་དུ་ཕྱིར་ལོག་གནང་དགོས་བྱུང་ཡོད་པ་རེད།ད་ཐེངས་བོད་མི་སངས་རྒྱས་རྒྱ་མཚོ་ལགས་འདས་གྲོངས་གྱུར་བ་དེས་བོད་ནང་གི་ས་བྱི་ལོའི་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་དང་འབྲེལ་བའི་ཐོག་བོད་མི་༢༢༧རྒྱའི་མེ་མདའི་འོག་དམར་བསད་དང་རང་ཤི་རྒྱབ་པ་དེ་བཞིན་མནར་གཅོད་སོགས་ཀྱི་འོག་འདས་གྲོངས་གྱུར་བ་བཙན་བྱོལ་བོད་གཞུང་གིས་ཚོད་དཔགས་གནང་གི་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།