གཞིས་བྱེས་བོད་མི་ན་གཞོན་དབར་ལ་ཟམ་པ་ལྟར་མཐུད་ཐུབ་པའི་རེ་བ་བཅང་གི་ཡོད་ཅེས་གོ་སྒྲིག་ཚོཌ་ཆུང་གིས་གསུངས་པ།

2022.11.25
Share on WhatsApp
Share on WhatsApp
གཞིས་བྱེས་བོད་མི་ན་གཞོན་དབར་ལ་ཟམ་པ་ལྟར་མཐུད་ཐུབ་པའི་རེ་བ་བཅང་གི་ཡོད་ཅེས་གོ་སྒྲིག་ཚོཌ་ཆུང་གིས་གསུངས་པ། བོད་ཀྱི་མ་འོངས་པའི་མདུན་ལམ་འཚོལ་ཞིབ་ལྷན་ཚོགས་ཐེངས་གཉིས་པ་ཡུ་རོབ་ཀྱི་ཧྥ་རན་སིའི་གྲོང་ཁྱེར་པེརིསི་རུ་ཚོགས་བཞིན་ཡོད་པ།
བོད་ཀྱི་མ་འོངས་པའི་མདུན་ལམ་འཚོལ་ཞིབ།

བོད་ཀྱི་མ་འོངས་པའི་མདུན་ལམ་འཚོལ་ཞིབ་ལྷན་ཚོགས་ལྷན་ཚོགས་ཐེངས་གཉིས་པ་དེ་བཞིན་ཕྱི་ཟླ་ ༡༡ ཚེས་ ༢༥ ནས་ ༢༧ བར་ཡུ་རོབ་ཀྱི་ཧྥ་རན་སིའི་གྲོང་ཁྱེར་པེརིསི་རུ་ཚོགས་བཞིན་ཡོད་ཅིང་། འདིའི་ཁོངས་ཡུ་རོབ་གནས་བཞུགས་ཀྱི་བོད་མི་ཚོས་མཉམ་ཞུགས་གནང་རྒྱུར་དམིགས་བཅངས་བྱེད་ཡོད་པ་དང་། བོད་ཀྱི་མ་འོངས་པའི་གནས་སྟངས་གང་འདྲ་ཞིག་ཡོང་ངེས་པའི་འཆར་སྣང་བསྐྲུན་ཐབས་བྱ་རྒྱུར་དམིགས་ཡོད་འདུག་པས། བོད་ཀྱི་མ་འོངས་པའི་མདུན་ལམ་ཐོག་བགྲོ་གླེང་གང་མང་ཡོང་བ་བྱ་རྒྱུ་དང་། གཞིས་ལུས་བོད་མིའི་བསམ་བློའི་འཁྱེར་བཟོ་རྒྱུས་ལོན་ཐུབ་པར་འབད་བརྩོན་བྱ་རྒྱུ་འདི་གཙོ་བོ་ཞིག་ཆགས་ཡོད་པ་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཚོགས་འདུ་འདིར་གདན་ཞུ་བྱས་པའི་གསུང་བཤད་གནང་མཁན་ཁོངས་སུ། ཁེ་ན་ཌ་ནས་འབུམ་རམས་པ་རྒྱལ་ལོ་ལགས་དང་། ༧སྐུ་ཡི་གསུང་སྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས། སུད་སི་ནས་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས། ཁེ་ན་ཌ་ནས་ན་གཞོན་འགོ་ཁྲིད་རྩ་འཆི་མེད་ལྷ་མོ་ལགས། ཧྥ་རན་སི་ནས་གློག་བརྙན་བཟོ་སྐྲུན་པ་དང་སྙན་ངག་པ་ལྗང་བུ་ལགས། ཨིན་ཡུལ་ oxford གཙུག་ལག་སློབ་གྲྭའི་འབུམ་རམས་སློབ་མ་སྒྲ་རིགས་ཐོགས་མེད་ལགས་སོགས་མཁས་པ་དང་། ཉམས་ཞིབ་པ། ལས་འགུལ་བ་བཅས་མི་སྣ་བཅུ་ཙམ་གྱིས་གཏམ་བཤད་གནང་བཞིན་ཡོད་ཅིང་། ཚོགས་འདུའི་བརྗོད་གཞི་ཁོངས་སུ། ཟློས་གར་དང་སྙན་ངག བོད་དང་རྒྱ་ནག བཙན་བྱོལ་བོད་མིའི་གནས་བབ་ཐོག་ལ་གླེང་མོལ་དང་། ན་གཞོན་གྱི་ནུས་སྟོབས། མ་འོངས་བོད་ཀྱི་མདུན་ལམ་ལ་དབྱེ་ཞིབ་བཅས་གནང་རྒྱུ་ཡིན་འདུག་ལ། སྒྲ་རིགས་ཐོགས་མེད་ལགས་ཀྱིས་བོད་དང་རྒྱ་ནག་གི་རྒྱལ་རབས་ཐོག་ནས་གཏམ་བཤད་གནང་གི་ཡོད་པ་དང་། ད་རེས་ཀྱི་ཚོགས་འདུ་འདི་བརྒྱུད་ནས་འཆར་སྣང་མང་པོ་ཞིག་གོ་རྟོགས་ཐུབ་པར་ཕན་ཐོགས་ཡོང་རེ་ཡོད་པ་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།
བོད་ཀྱི་མ་འོངས་མདུན་ལམ་གྱི་བཞུགས་མོལ་ལྷན་ཚོགས་ཐེངས་ ༡ པོ་འདི་བཞིན་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་དུ་ཚོགས་ཡོད་པ་དང་། ཐེངས་གཉིས་པ་འདི་ད་རེས་ཧྥ་རན་སིར་ཚོགས་པའི་རྗེས། ཚོགས་འདུ་ཐེངས་གསུམ་པ་འདི་རྒྱ་གར་ནང་ཚོགས་ཐུབ་པའི་འཆར་གཞི་དང་རེ་བ་བྱེད་བཞིན་ཡོད་པ་གོ་སྒྲིག་ཚོགས་ཆུང་གི་འབྲེལ་ཡོད་མི་སྣས་གསུངས་བྱུང་།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱི་མངའ་སྡེའི་དཔོན་རིགས་ཚོར་བོད་མིའི་དཀའ་ངལ་སྐོར་སྙན་སེང་ཞུས་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎