སྲས་འཇིགས་མེད་ནོར་བུ་དམ་པའི་བུས་གོམ་བགྲོད་མུ་མཐུད་པ།

སྲས་འཇིགས་མེད་ནོར་བུ་དམ་པས་དབུ་འཛུགས་གནང་བའི་གྲོམ་བགྲོད་དེ་བཞིན་ཁོང་གི་བུ་གཉིས་དང་སྤུན་མཆེད་ཚོས་མཇུག་སྒྲིལ་ཡོད་འདུག

2011.02.26

༄༅༎སྐུའི་གཅེན་པོ་གཞེངས་གཤེག་སྟག་མཚེར་རིན་པོ་ཆེའི་སྲས་འཇིགས་མེད་ནོར་བུ་ལགས་ཨ་རིའི་མངའ་སྡེ་ཕོལོ་རི་གྲ་ནང་བོད་རང་བཙན་ཆེད་གོམ་བགྲོད་གནང་བའི་སྐབས་མོ་ཊས་རྡུང་ཁ་རྒྱབ་ནས་གློ་བུར་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བའི་རྗེས། ཁོང་དང་ལྷན་དུ་གོམ་བགྲོད་གནང་མཁན་ཚོས་གོམ་བགྲོད་ཀྱི་མུ་མཐུད་གནང་རྒྱུའི་ཐག་གཅོད་གནང་ཡོད་པ་དང་འབྲེལ་ འཇིགས་མེད་ནོར་བུ་ལགས་དམ་པ་དེ་ཉིད་ཀྱི་ལོ་བཅུ་གསུམ་དང་དགུ་ལ་སོན་པའི་བུ་གཉིས་དང་ སྤུན་ཆེད་ཀུན་དགའ་ནོར་བུ་ལགས་ཡང་གཟའ་ལྷག་པའི་ཉིན་བཞུགས་ཡུལ་ཨིན་གྲི་ཡ་ན་མངའ་ཁུལ་ནང་ཕོལོ་རི་གྲ་མངའ་སྡེའི་ནང་ཆེད་ཕེབས་ཀྱིས་གོམ་བགྲོད་ཀྱི་ལས་འགུལ་དེའི་ནང་མཉམ་བཞུགས་གནང་ཏེ་  ཐོག་མའི་འཆར་གཞི་བཞིན་དེ་རིང་གོམ་བགྲོད་མཇུག་སྒྲིལ་གྱི་ཡོད་འདུག གོམ་བགྲོད་ནང་བཞུགས་མཁན་ཐོག་མའི་མི་གཉིས་གསུམ་ནས་ གཟའ་པ་སངས་ཉིན་མཉམ་བཞུགས་གནང་མཁན་མི་གྲངས་ཉི་ཤུ་རྩ་ལྔ་ཙམ་བྱུང་ཡོད་པ་དང་། དེ་རིང་གཟའ་སྤེན་པའི་ཉིན་གོམ་བགྲོད་གནང་མཁན་ཚོ་ཐ་མའི་ས་གནས་སུ་འབྱོར་གྱི་ཡོད་པ་དང་ དེའི་སྐབས་གོམ་བགྲོད་གནང་མཁན་ཚོར་ལྦེསི་པམ་སྦིཆ་གྲོང་ཁྱེར་སྤྱི་ཁྱབ་ལོཨི་ཕེ་རེང་ཀེལ་གྱིས་མཇལ་འཕྲད་གནང་རྒྱུ་དང་ ཆུ་ཚོད་གཉིས་རིང་གི་མཛད་སྒོ་ཞིག་ཚུགས་སྟེ་མི་རྣམས་ཀྱིས་རྗེས་དཀའ་བའི་གོམ་བགྲོད་ལས་འགུལ་དེ་མཇུག་སྒྲིལ་རྒྱུ་ཡིན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎