རྒྱ་ནག་ནང་ཁ་ལོ་བ་གསུམ་བརྒྱ་ཙམ་ཞིག་གིས་ངོ་རྒོལ་བྱས་པ།

རྒྱ་ནག་གི་ལྷོ་ཕྱོགས་གྲོང་ཁྱེར་ནང་མོ་ཊ་ཀྲེག་སི་གཏོང་མཁན་ཁ་ལོ་བ་གསུམ་བརྒྱ་ཙམ་ཞིག་གིས་ལས་མཚམས་བཞག་སྟེ་ངོ་རྒོལ་བྱས་ཡོད་པ།

2008-11-30
Share

༄༅༎རྒྱ་ནག་གི་ལྷོ་ཕྱོགས་གྲོང་ཁྱེར་ནང་མོ་ཊ་ཀྲེག་སི་གཏོང་མཁན་ཁ་ལོ་བ་གསུམ་བརྒྱ་ཙམ་ཞིག་གིས་ལས་མཚམས་བཞག་སྟེ་གཞན་གྱི་མོ་ཊ་གཏོར་སྐྱོན་བཏང་བ་དང་གཞུང་ཕྱོགས་ནས་ལག་འཁྱེར་མེད་པའི་དལ་གླ་ཀྲེག་སི་གཏོང་མཁན་ཐོག་དམ་བསྒྲགས་བྱ་དགོས་པའི་དགོས་འདུན་བཏང་ཡོད་པ་རེད།

དེང་སྐབས་རྒྱ་ནག་ནང་མོ་ཊ་དལ་གླ་ཀྲེག་སི་རིན་གོང་དང་སྣུམ་རིན་སྤར་བའི་གནད་དོན་དང་ཀྲེག་སི་གཏོང་ཕྱོགས་པའི་ལག་འཁྱེར་མེད་མཁན་ཇེ་མང་དུ་འགྲོ་བའི་གནད་དོན་སོགས་ཁྲིམས་འགལ་གྱི་ཀྲེག་སི་གཏོང་མཁན་ཐོག་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱ་དགོས་པའི་སྐོར་ངོ་རྒོལ་རིམ་པ་བྱུང་ཡོད་ཅིང་ད་རེས་ཀྱང་རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གི་ལྷོ་ཕྱོགས་ཀོང་ཏུང་ཞིང་ཆེན་གྱི་ཁྲའོ་ཀྲོའུ་གྲོང་ཁྱེར་གྱི་ས་གནས་སྲིད་གཞུང་གི་ལས་ཁུངས་མདུན་ཀྲེག་སི་གཏོང་མཁན་གྱི་ཁ་ལོ་བ་བརྒྱ་ཕྲག་འདུ་འཛོམས་ཀྱིས་ངོ་རྒོལ་བྱས་ཡོད་པ་དང་ཉེན་རྟོག་པས་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་གྱི་ཁྲོད་ནས་ལས་འགུལ་ནང་མཉམ་ཞུགས་མི་བྱེད་མཁན་གྱི་མོ་ཊ་ཀྲེག་སི་གཏོར་སྐྱོན་བཏང་མཁན་གྱི་བྱེད་གཏེ་ཡིན་པའི་དོགས་གཞི་ཡོད་པའི་མི་སྣ་བདུན་འཛིན་བཟུང་བྱས་པའི་སྐོར་གྲོང་ཁྱེར་སྲིད་གཞུང་གི་དཔོན་རིགས་རུས་མིང་ཁྲེན་ཟེ་བས་ངོ་སྤྲོད་བྱས་ཡོད་པ་རེད། ཡིན་ནའང་ཁོང་གི་དེ་རིང་ཀྲེག་སི་གཏོང་མཁན་ཚོས་ངོ་རྒོལ་ལས་འགུལ་མཚམས་འཇོག་བྱས་ཏེ་རྒྱུན་ལྡན་བཞིན་ལས་ཀ་འགོ་བཙུགས་བྱས་ཡོད་པའི་སྐོར་ཨེ་པི་གསར་འགོད་པར་ཞལ་པར་ཐོག་འགྲེལ་བརྗོད་བྱས་ཡོད་པ་རེད། ཡིན་ནའང་རྒྱ་ནག་གཞུང་གི་ཤིན་ཧཱ་གསར་ཤོག་ཐོག་ལ་ཁ་ལོ་བ་ཚོའི་ངོས་ནས་གྲོང་ཁྱེར་སྲིད་གཞུང་གིས་མོ་ཊ་གཏོང་མཁན་གསར་པ་མུ་མཐུད་འཕར་སྣོན་གཏོང་གི་ཡོད་པའི་བྱ་སྤྱོད་ལ་མི་དགའ་བའི་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་ལྷག་པར་དུ་གྲོང་ཁྱེར་སྤྱི་ཁྱབ་གཞོན་པ་ཀྲང་དབྱི་ཆུན་གྱིས་ལག་འཁྱེར་མེད་པའི་དལ་གླ་ཀྲེག་སི་གཏོང་མཁན་ཐོག་དམ་བསྒྲགས་བྱ་རྒྱུའི་ཁས་ལེན་བྱེད་པ་བཞིན་ལག་བསྟར་བྱེད་ཀྱི་མེད་པ་དེར་མོ་ཊའི་ཁ་ལོ་བ་ཚོས་ས་གནས་སྲིད་གཞུང་གིས་ཁོང་ཚོའི་རེ་འདུན་ཁག་ཁས་ལེན་བྱས་པ་ལག་བསྟར་བྱ་དགོས་ཞེས་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པའི་སྐོར་བཀོད་ཡོད་པ་རེད༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།