དགུ་བའི་ཉེར་བདུན་གྱི་ངོ་རྒོལ་ལས་འགུལ་དྲན་གསོ་དང་འབྲེལ་བའི་སྙན་ཐོ།

2017-09-28
གློག་འཕྲིན།
མཆན།
Share
པར་བཀོད།
སྤྱི་ལོ་༡༩༨༧་ལོར་ལྷ་སར་བོད་མི་ཚོས་ཞི་རྒོལ་སྐབས། ༡༩༨༧
སྤྱི་ལོ་༡༩༨༧་ལོར་ལྷ་སར་བོད་མི་ཚོས་ཞི་རྒོལ་སྐབས། ༡༩༨༧
དགུ་བཅུ་གསུམ།

བོད་ཀྱི་རྒྱལ་ས་ལྷ་སའི་ནང་༡༩༨༧་ལོའི་ཕྱི་ཟླ་༩་པའི་ཚེས་༢༧་ཉིན་དགེ་འདུན་པ་ཁག་ཅིག་གིས་སྣེ་ཁྲིད་འོག་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་གདུག་རྩུབ་ཆེ་བའི་སྲིད་བྱུས་ལ་བོད་མི་ཚོས་ངོ་རྒོལ་གནང་ནས་ལོ་༣༠་འཁོར་བའི་དུས་དྲན་ཐོག་དབྱིན་ཡུལ་ནང་རྟེན་གཞི་བྱེད་པའི་བོད་གནས་ལྟ་ཞིབ་(Tibet Watch)་ཞིབ་འཇུག་ཁང་གིས་དུས་དྲན་དེ་དང་འབྲེལ་བའི་སྙན་ཐོ་ཞིག་འགྲེམས་སྤེལ་གནང་འདུག
གོང་ཞུས་སྙན་ཐོ་དེའི་ནང་། བོད་གནས་ལྟ་ཞིབ་ཁང་གིས་ལོ་༣༠་གོང་གི་ལྷ་སའི་ནང་གི་ངོ་རྒོལ་སྐབས་ཀྱི་པར་རིས་དེ་སྔོན་མཐོང་མྱོང་མེད་པ་མང་པོ་ཞིག་ཕྱོགས་སྡོམས་འགྲེམས་སྤེལ་གནང་ཡོད་པ་དང་། ༡༩༨༧་ལོའི་ལྷ་སའི་ངོ་རྒོལ་དེ་བཞིན་རིམ་པས་གཞི་རྒྱ་ཆེ་བའི་བོད་རང་དབང་གྱི་ལས་འགུལ་གྱི་ངོ་བོ་ཞིག་ཏུ་གྱུར་བའི་སྐོར་འགྲེལ་བཤད་གནང་འདུག
༡༩༨༧་ལོའི་ཕྱི་ཟླ་༩་པའི་ཚེས་༢༧་ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གི་གདན་ས་ཆེན་པོ་སེ་ར་དང་། འབྲས་སྤུངས། དགའ་ལྡན་གསུམ་གྱི་དགེ་འདུན་པ་ཁག་ཅིག་གིས་སྣེ་འཁྲིད་འོག་ལྷ་སའི་ནང་རྒྱ་གཞུང་ལ་ངོ་རྒོལ་ཤུགས་ཆེན་པོ་ཞིག་གནང་ཡོད་པ་དེས། བོད་ནང་རྒྱ་གཞུང་གི་དབང་བསྒྱུར་ལ་བོད་རྒྱ་ཆེའི་མི་མང་གིས་འདོད་པ་མེད་པ་གསལ་པོ་བཏོན་ཡོད་སྐོར་བོད་གནས་ལྟ་ཞིབ་ཁང་གི་སྙན་ཐོ་དེའི་ནང་གནས་ཚུལ་བཀོད་འདུག་ལ། ༡༩༨༧ལོའི་ངོ་རྒོལ་གྱི་འབྱུང་རིམ་འགྲེལ་བཤད་ནང་། ༡༩༨༧ལོའི་ཕྱི་ཟླ་༩་ཚེས་༢༡་ཉིན་བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སར་ཞི་བའི་གྲོས་འཆར་དོན་ཚན་ལྔ་འདོན་གནང་མཛད་ཡོད་པ་དང་། ཉིན་གཉིས་རྗེས་རྒྱ་ནག་གིས་༧གོང་ས་མཆོག་གི་ཞི་བའི་དོན་ཚན་ལྔ་ལ་སྐྱོན་བརྗོད་དང་། དེ་ནས་ཕྱི་ཚེས་༢༤ཉིན་ལྷ་སའི་ནང་མི་མང་ཆིག་ཁྲི་ལྔ་སྟོང་བཙན་ཤེད་ཀྱིས་འདུ་འཛོམས་བྱེད་དུ་བཅུགས་ནས་མི་གྲངས་༡༡་ལ་ནག་ཉེས་བསགས་པའི་ཉེས་ཆད་བཏང་བའི་ནང་ནས་གཉིས་ལ་ཉེས་པ་སྲོག་ཐོག་བཏང་ཡོད་པ་རེད།
དེ་ནས་ཕྱི་ཚེས་༢༥་ཉིན་ལྷ་སའི་བརྙན་འཕྲིན་ཐོག་༧གོང་ས་མཆོག་ལ་མཚན་སྨད་བསྐུར་འདེབས་ཞུས་པའི་གནས་ཚུལ་རྒྱང་བསྲིང་བྱས་པའི་རྗེས་ལྷ་སའི་བར་སྐོར་ནང་༧གོང་ས་མཆོག་ལ་བོད་མི་ཚོས་རྒྱབ་སྐྱོར་ཞུ་ཡི་ཡོད་པའི་ཡིག་ཆ་གསང་བའི་སྒོ་ནས་འགྲེམས་སྤེལ་བྱུང་བའི་མཐར་ཕྱི་ཚེས་༢༧་ཉིན་འབྲས་སྤུངས་དགོན་པའི་དགེ་འདུནཔ་༢༡་གིས་གྲོང་ཁྱེར་ལྷ་སའི་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་ཏེ་མི་དམངས་སྟོང་ཚོ་མང་པོས་ལས་འགུལ་དེའི་ནང་མཉམ་ཞུགས་བྱུང་བ་སོགས་ལོ་རྒྱུས་ཞིབ་ཕྲ་དྲན་གསོ་གནང་འདུག

གསར་འགོད་པ་རིག་ལྡན་སྒྲོལ་མ།

མཆན། (0)
Share
དྲ་གནས་ཆ་ཚང༌།