བོན་གཞིས་སྨན་རི་གླིང་གི་གདན་སར་སྨན་རི་ཁྲི་འཛིན་སོ་བཞི་པ་ཁྲི་གསོལ་ཞུས་འདུག

2018-02-20
གློག་འཕྲིན།
མཆན།
Share
པར་བཀོད།
བོན་གཞིས་སྨན་རི་གླིང་གི་གདན་སར་སྨན་རི་ཁྲི་འཛིན་སོ་བཞི་པ་ཁྲི་གསོལ་སྐབས། ༢༠༡༨།༢།༢༠
བོན་གཞིས་སྨན་རི་གླིང་གི་གདན་སར་སྨན་རི་ཁྲི་འཛིན་སོ་བཞི་པ་ཁྲི་གསོལ་སྐབས། ༢༠༡༨།༢།༢༠
DORC

ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ཞྭ་དཀར་བསྟན་པའི་མངའ་བདག་སྨན་རི་ཁྲི་འཛིན་སོ་བཞི་པའི་ཁྲི་གསོལ་མཛད་སྒོའི་སྐུ་མགྲོན་དུ་ཕེབས་འདུག
ཕྱི་ཟླ་ ༢ ཚེས་༢༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ས་གནས་ཌོ་ལན་ཇིར་རྟེན་གཞི་བྱས་པའི་བོན་གཞིས་སྨན་རི་གླིང་གི་གདན་སར་ཞྭ་དཀར་བསྟན་པའི་མངའ་བདག་སྨན་རི་ཁྲི་འཛིན་ ༣༤ པའི་ཁྲི་གསོལ་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཕེབས་ཡོད་པ་དང༌། མཛད་སྒོའི་ཐོག་ཆོས་རིག་བཀའ་བློན་མཆོག་གིས། སྨན་རི་ཁྲི་འཛིན་ ༣༤ མཆོག་ལ་འཚམས་འདྲི་ཞུས་པ་དང་སྦྲགས། ཁྲི་འཛིན་མཆོག་གིས་གཡུང་དྲུང་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཐོག་མཛད་པ་ལྷད་མེད་བསྐྱངས་པ་དང་། ལྷག་པར་སྤྱི་ནོར༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་བསྟན་པ་སྤྱི་ལ་ཞབས་ཞུ་ལྷག་བསམ་རྣམ་བདག་བསྒྲུབས་པར་བཀའ་དྲིན་རྗེས་དྲན་དང༌། ཡང་བཀའ་བློན་མཆོག་གིས་དེང་དུས་ཕྱི་དངོས་པོའི་མཐུན་རྐྱེན་བཟང་ཡང་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་གྱི་གྲྭ་རྒྱུན་ཉུང་དུ་འགྲོ་བའི་སྐབས་འདིར་དགེ་འདུན་ཡོད་བཞིན་པ་དེ་དག་མུ་མཐུད་གནས་ཐབས་དང་སྤུད་ཚད་ལེགས་དུ་གཏོང་རྒྱུ་ཤིན་ཏུ་གལ་ཆེ་ཡིན་པའི་སྐོར་གསུངས་པ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་འདུག
སྨན་རི་ཁྲི་འཛིན་མཆོག་གིས་ཕྱོགས་མཐའ་ཁག་ནས་ཕེབས་པའི་སེར་སྐྱ་མང་ཚོགས་རྣམས་ལ་བཀའ་སློབ་དང༌། སྐབས་བཅུ་དགུ་པའི་དགེ་བཤེས་ཀྱི་མཛད་སྒོ་འགོ་འཛུགས་ཀྱིས་སྔོན་འགྲོའི་གཞུང་བཤད་དང་གསོ་སྦྱོང་གི་ཆོ་ག་གསུང་བའི་མཛད་སྒོར་གཡུང་དྲུང་བོན་གྱི་སྤྱི་འཐུས་རྣམ་པ་དང་། བོན་གཞིས་ས་གནས་འགོ་འཛིན། དགོན་སྡེ་ཁག་དང་ཚོགས་སྡེ་ཁག་གི་སྐུ་ཚབ་སོགས་མཉམ་ཞུགས་གནང་ཡོད་འདུག

གསར་འགོད་པ་ཀེ་ཐོ།

མཆན། (0)
Share
དྲ་གནས་ཆ་ཚང༌།