ནིའུ་ཡོག་གྲོང་ཁྱེར་དུ་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ།

ཨ་མེ་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་ཞིག་གནང་འདུག

2009-03-28
Share

༄༅༎ཨ་མེ་རི་ཀའི་ཤར་ཕྱོགས་ས་ཁུལ་ཁག་ནང་བཞུགས་མཁན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ཁ་ས་ཨ་མེ་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ལ་མཉམ་འཛོམས་གནང་སྟེ་རྒྱ་ནག་གིས་བོད་མི་རྣམས་མི་ལོ་ཧྲིལ་པོ་ལྔ་བཅུ་རིང་རྒྱ་མིའི་ཚེ་གཡོག་བཟོས་སྐོར་དང་རྒྱ་མིའི་བཙན་དབང་འོག་བོད་དེ་འཛམ་གླིང་སྟེང་གི་དམྱལ་བ་ཡིན་པ་འཛམ་གླིང་མི་མང་ལ་བཤད་དགོས་ཞེས་པའི་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་གནང་འདུག

ཐོག་མར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་གྲོང་ཁྱེར་ནིའུ་ཡོག་ལ་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་མདུན་ཚང་འཛོམས་གནང་སྟེ་མཛད་སྒོ་གནང་བའི་རྗེས་སུ་གྲོང་ཁྱེར་དེའི་ཀྲའེམ་སེ་སི་ཁོལྦེར་སོགས་གལ་ཆེའི་གཞུང་ལམ་ཁག་བརྒྱུད་ནས་ངོ་རྒོལ་སྐད་འབོད་གནང་ བཞིན་དུ་རྒྱ་ནག་གཞུང་ཚབ་བར་གོམ་བགྲོད་གནང་འདུག ཁོང་རྣམས་ཀྱིས་ངོ་རྒོལ་སྐད་འབོད་གནང་དོན་གཙོ་བོ་ནི་བོད་ཀྱི་བདག་དབང་བོད་མིར་ཡོད།རྒྱ་ནག་བོད་ནས་ཕར་རྒྱུག་ཅིག་བོད་ནང་མི་གསོད་ཁྲག་སྦྱོར་གྱི་བྱ་ངན་མཚམས་འཇོག་དགོས།བོད་མི་རྣམས་ལ་སྡུག་སྦྱོང་མནར་གཅོད་གཏང་རྒྱུ་མཚམས་འཇོག་དགོས།ངོ་ཚ་ཁྲེལ་གཞུང་མེད་པའི་རྒྱ་ནག་དམར་པོའི་སྲིད་གཞུང་ཞེས་པ་སོགས་སྐད་འབོད་གནང་འདུག ད་རསེ་ཨ་མེ་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ལ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ངོ་རྒོལ་སྐད་འབོད་གནང་བ་བཞིན་ཨ་རིའི་དབུས་ཀྱི་གྲོང་ཁྱེར་ཤི་ཁ་གོ་དང་ནུབ་ཕྱོགས་གྲོང་ཁྱེར་ལོསེ་ཨེན་ཇེ་ལེསི་སོགས་ལ་ཡང་ངོ་རྒོལ་སྐད་འབོད་གནང་ཡོད་པ་རེད༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།