རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་༦པ།

2019-06-14
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ་བཞུགས་སྒར་རྡ་ས་ལའི་གངས་སྐྱིད་ཚོགས་ཁང་གསར་པའི་ནང་བསྐོང་ཚོགས་གནང་རྒྱུ་ཡིན་སྐོར་གསུངས་འདུག
རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ་བཞུགས་སྒར་རྡ་ས་ལའི་གངས་སྐྱིད་ཚོགས་ཁང་གསར་པའི་ནང་བསྐོང་ཚོགས་གནང་རྒྱུ་ཡིན་སྐོར་གསུངས་འདུག
བོད་མིའི་སྒྲིག་འཛུགས།

༄༅༎རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ་དེ་བཞིན་བཞུགས་སྒར་རྡ་སར་འདི་ཟླའི་ཚེས་༡༥དང་༡༦ཉིན་གཉིས་རིང་བསྐོང་ཚོགས་གནང་འཆར་འདུག་ ད་རིང་ཕྱི་ཟླ་༦ཚེས་༡༤ཉིན་རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་The Core Group for Tibetan Cause ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁེར་མེ་ (Shri R K Khrimey )ལགས་དང་།  ཚོོགས་གཞོན་སྐུ་ཞབས་སུན་དར་ཀུ་མཱར་( Shri Sunder Kumar ) ལགས་རྣམ་གཉིས་ཀྱིས་བཞུགས་སྒར་རྡ་རམ་ས་ལར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སྐབས་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པ་དེ་ཟླ་ ༦ ཚེས་ ༡༥ དང་ཚེས་ ༡༦ ཉིན་གྲངས་གཉིས་རིང་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་བཞུགས་སྒར་རྡ་ས་ལའི་གངས་སྐྱིད་ཚོགས་ཁང་གསར་པའི་ནང་བསྐོང་ཚོགས་གནང་རྒྱུ་ཡིན་སྐོར་གསུངས་འདུག་ལ་ ཐེངས་འདིར་ཚོགས་བཅར་བ་མི་གྲངས་ ༡༨༠ ནས་ ༢༠༠ བར་མཉམ་ཞུགས་གནང་གཏན་འཁེལ་ཡོད་སྟབས། ལྷན་ཚོགས་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་འཆར་སྣང་ལྷན་ཚོགས་སྐབས་རྒྱབ་གཉེར་བསམ་འཆར་ཁག་གཞི་ལ་བཞག་སྟེ་འབྱུང་འགྱུར་བོད་དོན་ལས་འགུལ་ཚགས་ཚུད་ཇི་ལྟར་སྤེལ་དགོས་པའི་ཐོག་གོ་བསྡུར་གནང་རྒྱུ་ཡིན་འདུག

གོང་ཞུས་གསར་འགོད་གསལ་བསྒྲགས་དེ་གནང་སྐབས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་སུན་དར་ཀུ་མཱར་( Shri Sunder Kumar)ལགས་ཀྱིས་བོད་ཀྱི་ཁོར་ཡུག་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ཀྱི་གཙང་ཆུ་ཁག་གི་ཐོག་ཆུ་མཛོད་གང་བྱུང་བརྒྱབ་པ་དང་། གཏེར་ཁ་གང་བྱུང་སྔོག་འདོན་བྱས་པ་སོགས་ལ་བརྟེན་ནས་བོད་ཀྱི་གཤམ་འོག་འབྲེལ་ཡོད་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་ནང་ཆུའི་དཀའ་ངལ་འཕྲད་བཞིན་པའི་སྐོར་སོགས་གསུངས་འདུག རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ནི་ཕྱི་ལོ་ ༢༠༠༢ ལོར་ཐོག་མར་གསར་འཛུགས་གནང་བ་ཞིག་ཡིན་པ་རེད།།

མཆན། (0)
Share
དྲ་གནས་ཆ་ཚང༌།