པེན་ཚོགས་ཆེན་དང་བོད།

2013-09-19
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༧༩ པ།
རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༧༩ པ།
རྒྱལ་སྤྱིའི་པེན་གྱི་ཡན་ལག་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས།

༄༅།    །ཉེ་ཆར་ཡོ་རོབ་བྱང་མའི་ཡུལ་གྲུ་ Iceland གྱི་རྒྱལ་ས་ རེཀ་ཇ་ཝིཀ་ ནང་ཚུགས་པའི་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༧༩ པའི་ནང་དྷ་རམ་ས་ལར་རྟེན་གཞི་བྱེད་པའི་རྒྱལ་སྤྱིའི་མཐུན་ཚོགས་དེའི་ཡན་ལག་གི་ཚོགས་གཞོན་སྤྲོ་ཚིགས་ཆོས་གྲགས་དང་། དྲུང་ཆེ་གཡུ་སྒང་གཉིས་ཀྱང་མཉམ་ཞུགས་གནང་འདུག    ཁོང་རྣམ་གཉིས་ནས་བཞུགས་སྒར་དྷ་རམ་ས་ལར་དེ་རིང་ཕྱི་ཚེས་༡༩ཉིན་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་དང་འབྲེལ།    ཚོགས་ཆེན་ཐོག་བོད་དོན་གླེང་སློང་ཇི་བྱུང་གི་གནས་ཚུལ་ངོ་སྤྲོད་གནང་སྐབས།    ཚོགས་ཆེན་ཐོག་རྒྱ་དམར་གཞུང་གིས་བཙོན་འཇུག་བྱས་པའི་བོད་མི་རྩོམ་པ་པོ་དང་སྒྱུ་རྩལ་བ་བཞི་བཅུ་ལྷག་ཡོད་པ་རྣམས་གློད་བཀྲོལ་དང་ཁོང་ཚོར་རང་དབང་སྤྲོད་དགོས་པ་དང་། དེ་བཞིན་བོད་མི་བརྒྱ་དང་ཉི་ཤུས་རང་སྲེག་ངོ་རྒོལ་གནང་བའི་ཐད་རྒྱ་དམར་གཞུང་གིས་བསྐྱར་ཞིབ་དང་།    རང་དབང་ལྡན་པའི་གསར་འགོད་པ་ས་གནས་སུ་རྟོག་ཞིབ་ཆེད་འགྲོ་སྐྱོད་བྱེད་དུ་འཇུག་དགོས་པ། བོད་ནང་གི་སྨྲ་བརྗོད་རང་དབང་དང་། སྐད་ཡིག་ཉམས་རྒུད་ཀྱི་གནད་དོན། ཆོས་ལུགས་སློབ་སྦྱོང་དང་ཉམས་ལེན་གྱི་རང་དབང་སོགས་འཁོད་པའི་གྲོས་ཆོད་དོན་ཚན་བདུན་ཅན་ཞིག་སྤྱི་མོས་ཀྱིས་བཞག་ཡོད་པ་གསལ་བཤད་གནང་འདུག ཚོགས་ཆེན་དེའི་ཐོག་འཛམ་གླིང་རྒྱལ་ཁབ་ཁག་གི་རྩོམ་པ་པོའི་མཐུན་ཚོགས་ཁག་བདུན་ཅུའི་སྐུ་ཚབ་རྩོམ་པ་པོ་མི་༡༩༦ མཉམ་ཞུགས་གནང་ཡོད་པ་དང་། རྒྱ་ནག་སྐམ་སའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་སྐུ་ཚབ་འཐུས་མི་དྲུག་མཉམ་ཞུགས་བྱས་ཡོད་པ་རེད་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།