ཤེས་རིག་ཚོགས་ཆེན་ཐེངས་བདུན་པ་བཞུགས་སྒར་དུ་དབུ་འཛུགས་གནང་ཡོད་པ།


2019.02.23
ཤེས་རིག་ཚོགས་ཆེན་ཐེངས་བདུན་པ་བཞུགས་སྒར་དུ་དབུ་འཛུགས་གནང་ཡོད་པ། བཞུགས་སྒར་དུ་ཤེས་རིག་ཚོགས་ཆེན་ཐེངས་བདུན་པ་དབུ་འཛུགས་གནང་ཡོད་པ་དང་དབུ་འབྱེད་མཛད་སྒོའི་ཐོག་སྲིད་སྐྱོང་མཆོག་ནས་གསུང་བཤད་གནང་ཡོད་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌།

༄༅། །༢༠༡༩ ཟླ་བ་གཉིས་པའི་ཚེས་༢༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ཚོགས་ཁང་གསར་པའི་ནང་དུ་བསྐོང་ཚོགས་གནང་བའི་ཉིན་གསུམ་རིང་གི་ཤེས་རིག་ཚོགས་ཆེན་ཐེངས་བདུན་པའི་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་འབུམ་རམ་པ་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་གིས་ཤེས་རིག་ཚོགས་ཆེན་ཐེངས་དྲུག་པའི་ཐོག་བཞག་པའི་གྲོས་ཆོད་ཁག་མང་ཆེ་བ་ལག་བསྟར་ཞུས་ཡོད་ཅིང་། མ་ཟད་ད་རེས་ཚོགས་ཆེན་ཐེངས་བདུན་པའི་གྲོས་ཆོད་ཁག་ཀྱང་ལག་བསྟར་ཞུ་རྒྱུ་ཡིན་ཡང་། གྲོས་ཆོད་དང་བསམ་ཤོག་ནང་སློབ་གྲྭ་ཁག་གིས་ནང་སློབ་ཕྲུག་གི་གྲངས་འབོར་ཇི་ཉུང་དུ་འགྲོ་བཞིན་པའི་སྐབས་འདིར་ཤེས་ཚད་ཡར་རྒྱས་དང་སློབ་གྲྭའི་ལས་དོན་ཚགས་ཚུད་ཡོང་སླད་སློབ་གྲྭ་ཟླ་སྒྲིལ་གཏོང་དགོས་པའི་སྐོར་བསམ་ཚུལ་ཡོང་བཞིན་ཡོད་ཀྱང་བཀའ་ཤག་ནས་ལག་བསྟར་སྐབས་དཀའ་ངལ་འཕྲད་བཞིན་འདུག་པས་འདི་ཐད་འབྲེལ་ཡོད་ཚོས་དགོངས་བཞེས་དགོས་ཀྱི་འདུག་ཅེས་སྲིད་སྐྱོང་མཆོག་གིས་འབོད་བསྐུལ་གནང་འདུག
ཡང་སྐབས་འདིར་ཤེས་རིག་བཀའ་བློན་འབུམ་རམ་པ་པདྨ་དབྱངས་ཅན་མཆོག་གིས་ཤེས་རིག་ལས་ཁུངས་ཀྱི་ལས་བསྡོམས་སྙན་སྒྲོན་གནང་བ་དང་བསྒྲགས་ད་རེས་ཚོགས་ཆེན་འདིའི་ཐོག་གཙོ་བོ་ད་བར་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་ནས་ལོ་ངོ་༡༣ ལྷག་འགྲོ་བཞིན་པར་བརྟེན་ཤེས་ཡོན་མུ་མཐུད་ཡར་རྒྱས་གཏོང་ཐབས་དང་། དེ་བཞིན་སློབ་སྤྱི་དང་དགེ་ཆེ་རྣམ་པའི་ཆེད་ལས་ནུས་པ་གོང་མཐོར་གཏོང་ཕྱོགས། ལས་རིགས་སློབ་སྦྱོང་ཐད་སྤྱི་ཚོགས་ཀྱི་ལྟ་སྟངས་བསྒྱུར་བཅོས་དང་དོ་དབྱིངས་བསྐྲུན་ཐབས་སོགས་ཀྱི་ཐད། གྲོས་གཞི་དོན་ཚན་ཁག་བཞིའི་ཐོག་གྲོས་བསྡུར་གནང་རྒྱུ་ཡིན་པའི་སྐོར་གསུངས་གནང་འདུག
ཡང་ཤེས་རིག་དྲུང་ཆེ་ཀརྨ་སེང་གེ་ལགས་ཀྱི་ཤེས་རིགས་ཚོགས་ཆེན་ཐེངས་དྲུག་པའི་གྲོས་ཆོད་ཁག་ལག་བསྟར་ཇི་ཞུས་སྙན་སྒྲོན་སྐབས་སློབ་གྲྭ་ཁག་སོ་སོས་ལས་བསྡོམས་ཕུལ་འབྱོར་བྱུང་བའི་གནང་ཤེས་རིག་ཚོགས་ཆེན་ཐེངས་དྲུག་པའི་གྲོས་ཆོད་དགོངས་དོན་ཚང་མས་ལག་བསྟར་གནང་བའི་ཐོག་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་་གིས་བཀའ་དགོངས་ལམ་སྟོན་གཞིར་བཟུང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གནང་ཕྱོགས་ཐད་དམིགས་བསལ་ཤུགས་སྣོན་སྐྱོན་འདུག་ཅེས་དང་ཤེས་རིག་ལས་ཁུངས་ནས་ཀྱང་དོན་ཚན་རེ་བཟུང་ལས་གཞན་ཚང་མ་ལག་བསྟར་གནང་ཐུབ་པ་བྱུང་ཡོད་ཅེས་ངོ་སྤྲོད་གནང་འདུག།
གསར་འགོད་པ་ཨོ་རྒྱན་བསྟན་འཛིན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎