སྤྱི་འཐུས་གྲོས་ཚོཊ་ཚོགས་དུས་བརྒྱད་པ་མཇུག་བསྒྲིལ་གནང་འདུག

2014-09-25
གློག་འཕྲིན།
མཆན།
Share
པར་བཀོད།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་ཟླ་འདིའི་ཕྱི་ཚེས་༢༤ཉིན་མཇུག་སྒྲིལ་གནང་ཡོད་པ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་ཟླ་འདིའི་ཕྱི་ཚེས་༢༤ཉིན་མཇུག་སྒྲིལ་གནང་ཡོད་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། བསྟན་འཛིན་དོན་ཡོད།
གྲོས་ཚོཊ་ཀྱི་ཚོཊ་ར་ནས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཡོངས་ལ་གནས་ཚུལ་མང་པོ་ཞིག་གསལ་པོ་བཟོ་ཐུབ་ཡོད་པ་ཚོཊ་གཙོས་གསུངས་འདུག འདི་ཚེས་༢༤ཉིན་ཚོགས་གཙོའི་མཇུག་བསྡོམས་གསུང་བཤད་ནང་། སྲིད་སྐྱོང་མཆོག་ཛ་དྲག་གནས་སྟངས་ཐོག་ལྡི་ལིར་ཕེབས་དགོས་བྱུང་བ་མ་གཏོགས་བཀའ་བློན་རྣམ་པ་དང་། སྤྱི་འཐུས་རྣམ་པ་ཚང་མས་ཉིན་བཅུ་གཅིག་རིང་ལས་རིམ་ཆ་ཚང་ནང་ཐུགས་འཁུར་ཆེན་པོས་མཉམ་ཞུགས་ཀྱིས་འཛིན་སྐྱོང་བཀའ་ཤག་ལ་དྲི་བ་བརྒྱ་ཕྲག་འགའ་ཤས་དང་། ནང་སྲིད་ལས་ཁུངས་གཅིག་པུར་དྲི་བ་དང་ནང་གསེས་དྲི་བ་༢༥༠ཙམ་བྱུང་བ་དེ་དག་ལ་བཀའ་ཤག་གིས་ལན་འདེབས་གསལ་བཤད་ཧ་ཅང་ཞིབ་རྒྱས་གནང་བ་དང་། སྤྱི་འཐུས་རྣམ་པས་ཀྱང་གནས་ཚུལ་གསལ་པོ་མ་ཆགས་པ་ཁག་ལ་གསལ་པོ་བཟོས་པ་ཙམ་མ་ཟད། གྲོས་ཚོགས་ཀྱི་བརྒྱུད་ལམ་འདིའི་ཐོག་ནས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཡོངས་ལ་གནས་ཚུལ་མང་པོ་ཞིག་གསལ་པོ་བཟོ་ཐུབ་ཡོད་སྐོར་གསུངས་གནང་འདུག ང་ཚོ་མང་གཙོའི་ལམ་ལ་འགྲོ་གི་ཡོད། མང་གཙོའི་ལམ་ལུགས་དང་མཐུན་པའི་མང་གཙོ་ཀ་བ་གསུམ་གྱི་ལྗིད་མཉམ་སྟངས་འཛིན་དང་། གྲོས་ཚོགས་ཀྱིས་འཛིན་སྐྱོང་ལ་སྟངས་འཛིན་བྱེད་སྟངས། དེ་བཞིན་འཛིན་སྐྱོང་ངོས་ནས་གྲོས་ཚོགས་ལ་འགན་འཁུར་སྟངས། རྩིས་དང་ལན་རྒྱག་སྟངས་ཡག་པོ་བྱུང་སོང་ཞེས་གསུངས་གནང་འདུག

གསར་འགོད་པ་ཀརྨ་རྒྱ་མཚོ།

ཞིབ་ཕྲ་འདི་གའི་ས་གནས་གསར་འགོད་པ་བློ་བྷེ་ཡིས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎

གསར་འགོད་པ་བློ་བྷེ།

མཆན། (0)
Share
དྲ་གནས་ཆ་ཚང༌།