བྱང་ཨ་རིའི་བཀའ་བརྒྱུད་སྨོན་ལམ་ཐེངས་དགུ་པ།


2018.06.09
བྱང་ཨ་རིའི་བཀའ་བརྒྱུད་སྨོན་ལམ་ཐེངས་དགུ་པ། ༧དཔལ་རྒྱལ་བ་ཀརྨ་པ་མཆོག་གིས། ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ལ་བྱང་ཨ་རིའི་བཀའ་བརྒྱུད་སྨོན་ལམ་ཐེངས་དགུ་པའི་ཚོགས་མགོན་དུ་ཕེབས་ཞུགས་གནང་ཡོད་པ།
༧དཔལ་རྒྱལ་དབང་ཀརྨ་པ་མཆོག་གི་དྲ་གནས།

༄༅། །སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་༧དཔལ་རྒྱལ་བ་ཀརྨ་པ་ཨྱོན་འཕྲིན་ལས་རྡོར་རྗེ་མཆོག་གིས། ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ལ་བྱང་ཨ་རིའི་བཀའ་བརྒྱུད་སྨོན་ལམ་ཐེངས་དགུ་པའི་ཚོགས་མགོན་དུ་ཕེབས་ཞུགས་གནང་ཡོད་པ་དང་། བདུན་
ཕྲག་འདིའི་རེས་གཟའ་ལྷག་པ་ནས་དེ་རིང་རེས་གཟའ་སྤེན་པའི་བར་ཉིན་གྲངས་བཞིའི་རིང་ཚོགས་གནང་བཞིན་འདུག
ཀརྨ་པ་མཆོག་དབུ་བཞུགས་ཐོག་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཆོས་འབྲེལ་ཁག་ཉིན་ལྟར་སྔ་དྲོ་ཕྱག་ཚོད་༧པ་ནས་དབུ་འཛུགས་ཀྱིས་དགོངས་དྲོ་ཕྱག་ཚོད་༥བར་ཚོགས་གནང་གི་ཡོད་པ་དང་། ཐེངས་འདིའི་སྨོན་ལམ་ཐེངས་དགུ་པ་དེ་བཞིན་འཛམ་གླིང་ནང་ཞི་བདེ་ཡོང་བ་དང་། འགྲོ་བ་སེམས་ཅན་ཐམས་ཆད་ནད་མེད་བདེ་ཐང་དང་ཚེ་བསོད་དབང་ཐང་འཕེལ་ཞིང་ཞི་བདེ་བག་ཕེབས་ཡོང་བའི་ཆེད་དུ་ཡིན་པའི་སྐོར།  བྱང་ཨ་རིའི་བཀའ་བརྒྱུད་སྨོན་ལམ་ཐེངས་དགུ་པ་གོ་སྒྲིག་གནང་མཁན་གྲོང་ཁྱེར་ནིའུ་ཡོཀ་ནང་རྟེན་གཞི་གནང་བའི་ཟླ་སྣང་ཐེབས་རྩས་སྤེལ་གནང་བའི་གསལ་བསྒྲགས་གནང་འཁོད་འདུག
བཀའ་བརྒྱུད་སྨོན་ལམ་དེ་བཞིན་ཕྱི་ཚེས་༦ནས་༩བར་ཉིན་གྲངས་བཞིའི་རིང་ཚོགས་གནང་བའི་སྐབས་སུ་རྒྱལ་དབང་ཀརྨ་པ་དབུ་བཞུགས་ཐོག་སྔ་དྲོ་ཉིན་ལྟར་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་བཞེས་གནང་བ་དང་། དེ་རྗེས་སྨོན་ལམ་གྱི་ཞལ་འདོན་གནང་བ་སོགས་སྔ་དྲོ་དང་ཕྱི་དྲོ་ཉིན་ལྟར་ཚོགས་ཐེངས་གཉིས་རེ་གནང་བ་ཁག་ཀརྨ་པ་རིན་པོ་ཆེ་མཆོག་གི་གཞུང་འབྲེལ་དྲ་རྒྱའི་ཐོག་ཐད་གཏོང་མཇལ་ཡག་འདུག་ལ། སྨོན་ལམ་ཆེན་མོའི་ཚོགས་མགོན་དང་དགེ་འདུན་པ་ཞལ་གྲངས་༡༥༠ཙམ་དབུ་བཞུགས་ཐོག་ཕྱི་རྒྱལ་དང་བོད་པའི་དད་ལྡན་མང་ཚོགས་མང་པོ་མཉམ་ཞུགས་གནང་བཞིན་འདུག།
སང་ཉིན་ཕྱི་ཚེས་༡༠ཉིན་གྲོང་ཁྱེར་New York ནང་གི་Madison Square Garden གྱི་ཚོགས་ཁང་ཆེན་མོའི་ནང་རྒྱལ་བ་ཀརྨ་པ་དབུ་བཞུགས་ཐོག་མར་མེ་སྨོན་ལམ་དང་འབྲེལ་མི་རིགས་འདྲ་མིན་གྱི་གཞས་སྣ་ཁག་གཟིགས་
འབུལ་གནང་སྟེ། བྱང་ཨ་མི་རི་ཀའི་བཀའ་བརྒྱུད་སྨོན་ལམ་ཐེངས་དགུ་པ་དེ་
མཇུག་སྒྲིལ་གནང་རྒྱུ་རེད་འདུག།
གསར་འགོད་པ་རྩོམ་སྒྲིག་འགན་འཛིན་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎