རྟ་རྒྱུག་སྐབས་དམ་དྲག་དང་གཅར་རྡུང་།
2012.08.20
བོད་མི་མང་སྤྱི་འཐུས་སྒྲོལ་དཀར་སྐྱབས་ལགས་ཀྱིས་འདི་གའི་གསར་ཁང་ལ་བརྗོད་དོན། ཟླ་བརྒྱད་པའི་ཚེས་བཅུ་གསུམ་ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་གིས་སྐབས་དྲུག་པའི་གེ་སར་གླིང་གི་རྟ་རྒྱུགས་རྒྱལ་འཇོག་འགྲན་ཚོགས་བསྡུས་ཏེ། ས་ཁུལ་སོ་སོའི་བལྟད་མོ་བ་ཁྲི་གཉིས་ལྷག་འཛོམས་པ་ཁྱབ་བསྒྲགས་བྱས་ཡོད་ཀྱང་ཐེངས་འདིར་རྒྱ་ནག་གིས་བོད་མིའི་ངོ་རྒོལ་དང་། ལྷག་དོན་དུ་སྐུ་ལུས་མེར་བསྲེགས་ཀྱི་གནས་ཚུལ་གྱི་དོགས་པའི་ཐོག་དྲག་ཆས་ཉེན་རྟོག་པ་དང་། དྲག་ཆས་སྤྲས་པའི་དམག་མི་འབོར་ཆེན་འགྲེམས་འཇོག་བྱས་ནས་རྟ་རྒྱུག་ཐང་ནི་དམག་གིས་ཁེངས་བའི་གཡུལ་ས་འདྲ་བོ་འདུག་ཅེས་དང་། མུ་མཐུད་དུ་བརྗོད་དོན། རྨ་ཆུའི་རྟགས་རྒྱུགས་སྐབས་མི་མང་ཚོས་ལག་ལེན་བསྟར་དགོས་པའི་དམ་དྲག་གི་སྒྲིག་གཞི་དོན་ཚན་ ༡༡་ ཡིན་པ་སྔ་ས་ནས་དྲིལ་བསྒྲགས་བྱས་པའི་ནང་ ངོ་རྒོལ་གྱི་ལས་འགུལ་སྤེལ་ཆོག་གི་མེད་པ་དང་། མེ་སྤར་བྱེད་ཀྱི་དངོས་རྫས་རིགས་ཁྱེར་མི་ཆོག་པ་སོགས་གསལ་བསྒྲགས་བྱས་འདུག་། གལ་ཏེ་སྒྲིག་གཞི་ལ་བརྩི་སྲུང་མ་བྱས་བ་ཡིན་ན་ཉེས་པ་ཆེན་པོ་འགེལ་རྒྱུའི་ཉེན་བརྡ་བཏང་ཡོད་པ་དང་།
སྐབས་དེར་བོད་རིགས་སློབ་ཕྲུག་རོང་པོ་ཞུས་པ་ཞིག་ལ་ཉེན་རྟོག་པས་ཉེས་རྡུང་ཚབས་ཆེན་བཏང་ནས་མྱུར་སྐྱོབས་ཆེད་སྨན་ཁང་ལ་སྐྱེལ་དགོས་བྱུང་ཡོད་པ་རེད་འདུག