མདོ་སྨད་རྔ་བ་ཕྱོགས་སུ་ནང་པའི་ལྟ་གྲུབ་དང་ཚན་རིག་རྒྱུན་ཤེས་སྐོར་གྱི་བགྲོ་གླེང་ཐེངས་བཞི་པ་ཚོགས་འདུག


2020-09-24
Share
མདོ་སྨད་རྔ་བ་ཕྱོགས་སུ་ནང་པའི་ལྟ་གྲུབ་དང་ཚན་རིག་རྒྱུན་ཤེས་སྐོར་གྱི་བགྲོ་གླེང་ཐེངས་བཞི་པའི་སྐབས། ༢༠༢༠།༩།༢༢ མདོ་སྨད་རྔ་བ་ཕྱོགས་སུ་ནང་པའི་ལྟ་གྲུབ་དང་ཚན་རིག་རྒྱུན་ཤེས་སྐོར་གྱི་བགྲོ་གླེང་ཐེངས་བཞི་པའི་སྐབས། ༢༠༢༠།༩།༢༢
བོད་འབྱོར།

བོད་ཤར་ཕྱོགས་མདོ་སྨད་རྔ་བར་འཇམ་དབྱངས་བསྔོ་རྟེན་ཐེབས་རྩས་གོ་སྒྲིག་གནང་ནས་ནང་པའི་ལྟ་གྲུབ་དང་ཚན་རིག་རྒྱུན་ཤེས་སྐོར་གྱི་བགྲོ་གླེང་ཐེངས་བཞི་པ་ཚོགས་འདུག
འདི་ཚེས་༢༡་དང་༢༢་ཉིན་གཉིས་ཀྱི་བགྲོ་གླེང་ལྷན་ཚོགས་ཐོག་ཏུ། རྔ་བ་ཀིརྟི་དགོན་པ་དང་། ཨ་མཆོག་མཚན་ཉིད་དགོན། སྣང་ཞིག་དགོན། གཉན་རྩེ་དགོན་སོགས་ཀྱི་དགེ་བཤེས་ཁག་ཅིག་དང་། ཐག་ཉེ་རིང་གི་སློབ་གཉེར་པ་༦༠་ལྷག་མཉམ་ཞུགས་གནང་བའི་ཐོག་དཔྱད་རྩོམ་འབྲི་མཁན་རྣམ་པ་དང་། དངོས་ཁམས་ཚན་རིག་འཛིན་གྲྭའི་སློབ་གཉེར་པ་རྣམ་པ། ཚན་རིག་གི་ལྟ་གྲུབ་ཀྱི་འཛིན་གྲྭའི་སློབ་གཉེར་པ་བཅས་ཀྱིས་རང་རང་གིས་གང་སྦྱངས་པའི་ཤེས་བྱའི་སྡེ་ཚན་ལས་བརྩམས་ཏེ་སྦྱངས་འབྲས་སྙན་སྒྲོན་དང་། དེ་ལ་དྲི་བ་དྲིས་ལན་གྱི་སྒོ་ནས་བརྒལ་བརྟག་ཞུས་ཤིང་། མཇུག་ཏུ་གདན་ཞུས་དགེ་རྒན་གསུམ་གྱིས་བཀའ་སློབ་ལམ་སྟོན་གནང་ཡོད་འདུག
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་པའི་དགོན་སྡེ་ཁག་ནང་དེང་དུས་ཀྱི་ཤེས་ཡོན་དང་ཚན་རིག་སློབ་གཉེར་དགོས་གལ་ཧ་ཅང་ཆེ་བའི་སྐོར་བཀའ་སློབ་ཡང་ནས་ཡང་དུ་གནང་བར་བརྟེན། ད་ཆ་བཙན་བྱོལ་དུ་ཡོད་པའི་བོད་པའི་དགོན་སྡེ་དང་བཙུན་དགོན་སྤྱི་དང་། ལྷག་དོན་དུ་རྒྱ་གར་ལྷོ་ཕྱོགས་སུ་ཆགས་པའི་དགའ་ལྡན་དང་། འབྲས་སྤུངས། སེ་ར་བཅས་གདན་ས་ཆེན་པོ་གསུམ་ནང་དགེ་འདུན་པ་ཚོར་ཚན་རིག་སློབ་གཞིའི་ཁོངས་སུ་འཇོག་
གནང་གིས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཤེས་ཡོན་ལྟེ་གནས་མང་པོ་དང་ལྷན་ཕན་ཚུན་ཚན་རིག་དང་ནང་ཆོས་ཀྱི་ཤེས་ཡོན་སློབ་གསོ་བརྗེ་ལེན་གྱི་ལས་རིམ་ཡང་མང་པོ་སྤེལ་རེས་གནང་གི་ཡོད་པ་རེད།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།