བཙོན་འོག་གི་བོད་རིཊ་གཞས་བ་ཚོ་བཙོན་བཀྲོལ་ལས་འགུལ།

2013-12-16
གློག་འཕྲིན།
མཆན།
Share
པར་བཀོད།
བོད་རང་དབང་ལས་འགུལ་ཚོགས་པས་བཙོན་འོག་གི་བོད་རིཊ་གཞས་བ་ཚོ་བཙོན་བཀྲོལ་ལས་འགུལ་སྤེལསྐབས་ཀྱི་དྲ་ངོས་པར་རིས།
བོད་རང་དབང་ལས་འགུལ་ཚོགས་པས་བཙོན་འོག་གི་བོད་རིཊ་གཞས་བ་ཚོ་བཙོན་བཀྲོལ་ལས་འགུལ་སྤེལསྐབས་ཀྱི་དྲ་ངོས་པར་རིས།
པར། བོད་རང་དབང་ལས་འགུལ་ཚོགས་པ།

 

 

 

 

 

 

 

 

 

 

ཕྱི་རྒྱལ་གྱི་གྲགས་ཅན་གཞས་བ་ཁག་ཅིག་གིས་བཙོན་འོག་གི་བོད་རིགས་གཞས་བ་རྣམས་བཙོན་བཀྲོལ་དགོས་བའི་ལས་འགུལ་ལ་རྒྱབ་སྐྱོར་བྱས་འདུག

དེ་ཡང་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཡོད་པའི་བོད་རང་དབང་ལས་འགུལ་ཚོགས་པས། འདས་པའི་ནང་རྒྱ་ནག་གིས་བོད་རིགས་གཞས་བ་མི་གྲངས་བཅུ་ཙམ་འཛིན་བཟུང་བཀག་ཉར་བྱས་པ་མ་ཟད། ལོ་དྲུག་སོགས་ཚད་གཞི་མི་འདྲ་བའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རྣམས་གློད་བཀྲོལ་གཏོང་དགོས་པའི་དགོས་འདུན་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ལོ་ངོ་དྲུག་བར་དུ་བཙོན་འཇུག་བྱས་པའི་གྲས་སུ་རྒྱ་ནག་གིས་ལོ་འདིའི་ནང་འཛིན་བཟུང་བཙོན་འཇུག་བྱས་པའི་བོད་རིགས་གཞས་བ་ལོ་ལོ་དང་། པདྨ་འཕྲིན་ལས། སྐལ་བཟང་ཡར་འཕེལ། ཕྱག་རྡོར། ཤ་བོ་བཀྲ་ཤིས་བཅས་ཡོད་པ་རེད་འདུག ད་དུང་དབུ་རྒྱན་བཀྲ་ཤིས་དང་། ཨ་མཆོག་ཕུལ་བྱུང་། མཆོག་སེལ་བཅས་ཡོད་པར། ཁོང་རྣམས་ཀྱི་གྲས་ནས་ལོ་ལོ་ལ་ལོ་ངོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

ཟླ་བ་སྔོན་མའི་ནང་བོད་ཀྱི་འབྲི་རུ་ཁུལ་ནས་བོད་རིགས་གཞས་པ་འཕྲིན་ལས་ཚེ་དཀར་དང་། མགོན་པོ་བསྟན་འཛིན་གཉིས་ཀྱང་འཛིན་བཟུང་བཀག་ཉར་བྱས་པའི་གནས་ཚུལ་བྱུང་ཡོད་པ་རེད། ལས་འགུལ་དེར་ཕྱི་རྒྱལ་གྱི་གཞས་པ་་Peter Gabriel ་དང་། Thom Yorke, Serj Tankian, Tjinder Singh བཅས་ཀྱིས་བོད་རང་དབང་ལས་འགུལ་ཚོགས་པའི་འབོད་སྐུལ་གྱི་ཞུ་ཡིག་ཐོག་མཚན་རྟགས་བཀོད་ནས་བོད་རིགས་གཞས་པ་རྣམས་གློད་བཀྲོལ་གྱི་ཆེད་དུ་རྒྱབ་སྐྱོར་གནང་ཡོད་པ་རེད།

གསརའགོད་པ་ཀརྨ་རྡོ་རྗེ།

མཆན། (0)
Share
དྲ་གནས་ཆ་ཚང༌།