རྒྱ་ནག་གིས་རྒྱ་གར་ལ་བོད་དང་ཨ་རུ་ཎ་ཅལ་སྐོར་དྲིས་འདུག


2014.07.31
རྒྱ་གར་གྱི་དམག་སྤྱི་Gen.Bikram singhརྒྱ་ནག་ཏུ་གཟིགས་སྐོར་གནང་སྐབས། རྒྱ་གར་གྱི་དམག་སྤྱི་Gen.Bikram singhརྒྱ་ནག་ཏུ་གཟིགས་སྐོར་གནང་སྐབས།
defencenews

རྒྱ་ནག་གིས་ཨ་རུ་ཎ་ཅལ་མངའ་སྡེ་ལ་བོད་ཀྱི་ལྷོ་ཕྱོགས་ཞེས་བོས་ནས་རྒྱ་ནག་གི་ས་ཁུལ་ཡིན་ལུགས་བཤད་ཡོད་པ་རེད།
དེ་ཡང་ཉེ་ཆར་རྒྱ་གར་གྱི་དམག་སྤྱི་Gen.Bikram singh ཞུ་བ་ཁོང་རྒྱ་ནག་ཏུ་གཟིགས་སྐོར་གནང་སྐབས་རྒྱ་ནག་བཅིངས་འགྲོལ་དམག་མིའི་མདའ་དཔོན་བེུད་ཅིག་གིས་ཨ་རུ་ཎ་ཅལ་མངའ་སྡེ་དང་། བོད་ཀྱི་གནད་དོན་ཐོག་ཉམས་ཞིབ་བྱ་དགོས་པའི་དྲི་བ་ཁག་ཅིག་བཏང་ནས་རྒྱ་གར་གྱི་དམག་སྤྱི་མི་བདེ་བ་བཟོས་ཡོད་པ་དང་། གནས་ཚུལ་དེ་ནི་རྒྱ་གར་གྱི་དམག་སྤྱི་ Gen.Bikram Singhལགས་ཀྱིས་པེ་ཅིང་དུ་ཡོད་པའི་རྒྱ་ནག་བདེ་སྲུང་གཙུག་ལག་སློབ་གྲ་ཆེན་མོའི་ནང་གསུང་བཤད་ཅིག་གནང་བའི་རྗེས་སུ་བྱུང་ཡོད་པ་རེད། ཁོང་རྒྱ་ནག་མི་མང་བཅིངས་འགྲོལ་དམག་མིའི་འཛིན་སྐྱོང་འོག་ཡོད་པའི་པེ་ཅིན་བདེ་སྲུང་གཙུག་ལག་སློབ་གྲ་ཆེན་མོས་མགྲོན་འབོད་གནང་དོན་བཞིན་གཙུག་ལག་སློབ་གྲ་དེའི་ནང་གསུང་བཤད་གནང་བ་ཞིག་ཡིན་འདུག  ཁོང་གི་གསུང་བཤད་གྲུབ་མཚམས་སུ་རྒྱ་ནག་གི་དམག་མིའི་མདའ་དཔོན་བེུད་དེས། ཨ་རུ་ཎ་ཅལ་མངའ་སྡེའི་གནད་དོན་ཐོག་དྲི་བ་བཏང་ཡོད་པ་དང་། རྒྱ་ནག་གིས་ཨ་རུ་ཎ་ཅལ་མངའ་སྡེ་ལ་བོད་ཀྱི་ལྷོ་ཕྱོགས་ཞེས་བོས་ནས་རྒྱ་ནག་གི་ས་ཁུལ་ཡིན་ལུགས་བཤད་ཀྱི་ཡོད་པ་རེད། རྒྱ་གར་གྱི་དམག་སྤྱི་Singh ལགས་ཀྱིས། ང་རང་རྒྱ་གར་བ་ཞིག་ཡིན་པའི་ཆ་ནས་ངས་ཨ་རུ་ཎ་ཅལ་མངའ་སྡེ་དེ་བཞིན་ཁ་བྲལ་ཐབས་མེད་པའི་རྒྱ་གར་གྱི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་ལན་འདེབས་གནང་འདུག ཡང་རྒྱ་ནག་གི་དམག་མིའི་མདའ་དཔོན་བེུད་དེས་བོད་ཀྱི་གནད་དོན་ཐོག་དྲི་བ་བཏང་བར།  རྒྱ་གར་གྱི་དམག་སྤྱིས་རྒྱ་གར་གཞུང་གིས་བོད་མི་ཚོར་རྒྱ་གར་གྱི་ས་ཐོག་ནས་བོད་ཀྱི་གནད་དོན་འབྲེལ་བའི་ཆབ་སྲིད་ཀྱི་ལས་འགུལ་གང་ཡང་སྤེལ་དུ་བཅུག་གི་མེད་ལ་དེ་ནི་རྒྱ་གར་གཞུང་གི་རྒྱུན་འཁྱོངས་བྱེད་བཞིན་པའི་སྲིད་ཇུས་རེད་ཅེས་ལན་འདེབས་གནང་འདུག གློ་བུར་གྱི་དོན་རྐྱེན་འདི་ཐོག་རྒྱ་ནག་གི་བདེ་སྲུང་ཐོག་དཔྱད་ཞིབ་གནང་མཁན་ཚོས། རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཀྱི་ལམ་སྟོན་མེད་པར་རྒྱ་ནག་གི་དམག་མིའི་མདའ་དཔོན་བེུད་དེས་ཕྱི་རྒྱལ་གྱི་མཐོ་རིམ་མི་སྣ་ཞིག་ལ་ཚོར་བ་ཧ་ཅང་རྣོ་བའི་དྲི་བ་དེ་ལྟར་བཏང་མི་སྲིད་པའི་སྐོར་གསུངས་འདུག
སྤྱིར་བཏང་རྒྱ་ནག་གཞུང་གིས་ཨ་རུ་ཎ་ཅལ་མངའ་སྡེའི་གནད་དོན་ཐོག་རྒྱ་གར་གྱི་དཔོན་རིགས་སུ་འདྲ་ཞིག་རྒྱ་ནག་ནང་ཕེབས་ཀྱང་གླེང་སློང་གནང་གི་ཡོད་པ་རེད།  

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎