རྒྱ་ནག་གིས་ངོས་ལེན་བྱས་འདུག


2013-11-05
Share
རྒྱ་ནག་ནང་གི་ཁོར་ཡུག་དང་མཁའ་རླུང་སྦག་བཙོག་གི་རྣམ་པ། རྒྱ་ནག་ནང་གི་ཁོར་ཡུག་སྦག་བཙོག
པར། AFP

རྒྱ་ནག་ནང་གི་ཁོར་ཡུག་སྦག་བཙོག་གི་རྐྱེན་པས་མིའི་འཕྲོད་བསྟེན་ལ་གནོད་སྐྱོན་བཟོ་བཞིན་པ་རྒྱ་ནག་རང་གིས་ངོས་ལེན་བྱས་འདུག

རྒྱ་ནག་ནི་འཛམ་གླིང་ནང་རྡོ་སོལ་དང་། རྡོ་སྣུམ་མེར་བསྲེགས་པ་ལས་བྱུང་བའི་སྦག་བཙོག་བཟོ་མཁན་གྱི་རྒྱལ་ཁབ་ཨང་དང་པོ་དེ་ཡིན་ཞིང་། ཤིཡས་ཀྲན་ཧུཝ་ནི་རྒྱ་ནག་རྒྱལ་ཡོངས་འཕེལ་རྒྱས་དང་། བཅོས་བསྒྱུར་ལྷན་ཁང་གི་གཙོ་འཛིན་གཞོན་པ་ཡིན་པ་རེད།  གཟའ་འཁོར་རྗེས་མར་ཡོ་རོབ་ཡུལ་གྲུ་པོ་ལེནཊི་ནང་གོ་ལའི་གནམ་གཤིས་ཐད་ཀྱི་རྒྱལ་སྤྱིའི་བགྲོ་གླེང་གི་ཚོགས་ཆེན་ཚུགས་རྒྱུ་དང་། དེ་རིང་༥ཉིན་ཤིཡས་ཀྲན་ཧུཝ་ཡིས་རྒྱ་ནག་གི་གྲོང་ཁྱེར་མང་པོའི་ནང་མཁའ་རླུང་སྦག་བཙོག་གི་རྐྱེན་པས་མིའི་རིགས་ཀྱི་ལུས་པོ་དང་། བསམ་པའི་འཕྲོད་བསྟེན་གཉིས་ཀར་གནོད་སྐྱོན་གཏོང་གི་ཡོད་པ་བརྗོད་འདུག འོན་ཀྱང་ཁོང་གིས་འབྱུང་འགྱུར་གྱི་ལོ་བཅུའི་ནང་གནས་སྟངས་དེ་བཟང་དུ་འགྲོ་རྒྱུའི་རེ་བ་ཡོད་པ་ཡང་གསུངས་ཡོད་པ་རེད།  ཤིཡས་ཀྲན་ཧུཝས་རྒྱ་ནག་ནང་གི་མཁའ་རླུང་སྦག་བཙོག་གི་རྒྱུ་རྐྱེན་གཙོ་བོ་ནི་དུས་ཚོད་ཡོལ་ཟིན་པའི་འཕེལ་རྒྱས་ཀྱི་འཆར་གཞི་མུ་འཐུད་ལག་བསྟར་བྱེད་པ་དང་། བཟོ་ལས་འཛུག་བསྐྲུན་དང་ནུས་པའི་རྨང་གཞི་བཟང་པོ་མེད་པ་སོགས་ཡིན་པ་བརྗོད་འདུག ཕྱི་ལོ་༢༠༡༤ ནས་བཟུང་གོ་ལ་ཁྱོན་ཡོངས་ཀྱི་རྡོ་སྣུམ་དང་རྡོ་སོལ་ཐོན་ཁུངས་ཕྱེད་ཀ་ལྷག་རྒྱ་ནག་གིས་ལོངས་སུ་སྤྱོད་རྒྱུ་ཡིན་པ་ཚོད་དཔག་བྱེད་བཞིན་ཡོད་པ་རེད། པོ་ལེནཌ་དུ་ཚུགས་རྒྱུའི་འཛམ་གླིང་ཡུལ་གྲུ་ཁག་གི་བློན་ཆེན་རིམ་པའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་འདུ་དེའི་སྐབས་ཕྱི་ལོ་ ༢༠༡༥ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕྱི་ལོ་ ༢༠༢༠ ནས་བཟུང་འཛམ་གླིང་ཡུལ་གྲུ་ཁག་གིས། རང་རང་སོ་སོའི་ཡུལ་གྲུའི་ནང་རྡོ་སོལ་དང་རྡོ་སྣུམ་བསྲེགས་པ་ལས་བྱུང་བའི་དུག་རྫས་ཉུང་དུ་གཏོང་རྒྱུའི་གྲོས་མཐུན་ལ་མིང་རྟགས་འགོད་ཕྱོགས་ཐད་གྲོས་བསྡུར་གནང་རྒྱུ་ཡིན་འདུག

གསར་འགོད་པ་སྐལ་ལྡན།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།