ཕྱི་འབྲེལ་བཀའ་བློན་མཆོག་ཕྱི་སྡོད་རྒྱ་རིགས་དང་ཐུག་འཕྲད།

2014-01-31
གློག་འཕྲིན།
མཆན།
Share
པར་བཀོད།
ཕྱི་འབྲེལ་བཀའ་བློན་བདེ་སྐྱོད་ཆོས་དབྱངས་ལགས་ཕྱི་སྡོད་རྒྱ་རིགས་དང་མཇལ་འཕྲད་སྐབས།
ཕྱི་འབྲེལ་བཀའ་བློན་བདེ་སྐྱོད་ཆོས་དབྱངས་ལགས་ཕྱི་སྡོད་རྒྱ་རིགས་དང་མཇལ་འཕྲད་སྐབས།
པར། བོད་མིའི་སྒྲིག་འཛུགས།

ཕྱི་འབྲེལ་བཀའ་བློན་བདེ་སྐྱོད་ཆོས་དབྱངས་ལགས་ཨོ་སི་ཊོ་ལི་ཡའི་ནང་གནས་སྡོད་རྒྱ་རིགས་ཁག་ཅིག་དང་ཐུག་འཕྲད་གནང་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་དེང་སྐབས་ཨོ་སི་ཊོ་ལི་ཡའི་ནང་གཟིགས་སྐོར་གནང་བཞིན་པ་ལྟར། གྲོང་ཁྱེར་Melbourne དང་། Sydney གཉིས་ནང་ཡོད་པའི་རྒྱ་བོད་མཛའ་འབྲེལ་ཚོགས་པ་སོ་སོས་མགྲོན་འབོད་ལྟར་། ཕྱི་ཚེས་༢༨་ཉིན་Melbourne གྲོང་ཁྱེར་གྱི་རྒྱ་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་དང་། ཕྱི་ཚེས་༢༩ཉིན་Sydney གྲོང་ཁྱེར་གྱི་རྒྱ་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་བཅས་དང་མཇལ་འཕྲད་ཀྱིས་བོད་ནང་ད་ལྟའི་ཛ་དྲག་གི་དཀའ་ངལ་དང་། དཀའ་ངལ་དེ་དག་སེལ་ཐབས་སུ་རྒྱ་རིགས་མང་ཚོགས་ཀྱི་ཐོག་ནས་རོགས་འདེགས་ཞུ་ཕྱོགས་ཀྱི་ཐད་ བཀའ་མོལ་གནང་ཡོད་པ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག
གནས་ཚུལ་ནང་བཀོད་པར་གཞིགས་ན། ཚོགས་བཅར་བའི་ཁོངས་སུ་རྒྱ་ནག་གི་སློབ་དཔོན་མཁས་དབང་དང་། དམངས་གཙོ་དོན་གཉེར་བའི་གཙོས་ཤེས་ལྡན་མི་སྣ་གང་ཙམ་འདུ་འཛོམས་བྱུང་ཡོད་པ་དང་།  སྐབས་དེར་བཀའ་བློན་མཆོག་གིས་༧སྤྱི་ནོར་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་དམངས་གཙོའི་ལམ་ནས་འོས་འདེམས་བྱས་པའི་སྲིད་སྐྱོང་ལ་གནང་ཚར་བའི་བྱུང་རིམ་དང་། སྲིད་སྐྱོང་གིས་དབུ་ཁྲིད་པའི་བོད་མིའི་སྒྲིག་འཛུགས་ནས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཛིན་གྱིས་བོད་རྒྱ་གཉིས་ཀྱི་ཆབ་སྲིད་ཀྱི་དཀའ་རྙོག་སེལ་ཐབས་ལ་འབད་བརྩོན་གང་ཡོད་གནང་བཞིན་པ་སོགས་ཀྱི་གནད་ལུགས་ཞིབ་ཕྲ་ངོ་སྤྲོད་གནང་ཡོད་པ་རེད།
གསར་འགོད་པ་བློ་བཟང་ཡེ་ཤེས།

མཆན། (0)
Share
དྲ་གནས་ཆ་ཚང༌།