ཀརྨ་མཆོག་གིས་ཛ་དྲག་འབོད་སྐུལ་གནང་བ།


2013-11-11
Share
གནམ་གཤིས་འགྱུར་ལྡོག་ཐད་བཀའ་སློབ་བསྩལ་བ། དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ནས་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ཐད་བཀའ་སློབ་སྩོལ་བཞིན་པ།
ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་། བསྟན་འཛིན་དོན་ཡོད།

བོད་ནང་གི་ཁོར་ཡུག་ལ་གནོད་འཚེ་ཆེན་པོ་ཐེབས་བཞིན་པར་རྒྱ་གར་གཞུང་གིས་སེམས་ཚབས་ཡོད་པའི་རྣམ་འགྱུར་སྟོན་དགོས་པའི་ཛ་དྲག་གི་འབོད་སྐུལ་གནང་འདུག

དེ་ཡང་ཀརྨ་པ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་ཕ་རན་སི་གསར་ལས་ཁང་གིས་བཀའ་འདྲིར་ལན་འདེབས་གནང་སྐབས། རྒྱ་ནག་གཞུང་གིས་བོད་ལ་དབང་བསྒྱུར་བྱས་བའི་ལོ་ངོ་ལྔ་བཅུ་ལྷག་ཙམ་རིང་། བོད་ནང་འཛུགས་བསྐྲུན་འཕེལ་རྒྱས་ཀྱི་ལས་གཞི་དང་། དེ་བཞིན་དམག་དོན་གྱི་ལས་གཞི་མང་པོ་ཞིག་སྤེལ་བཞིན་པ་དེ་ཚོས་བོད་ཀྱི་ཁོར་ཡུག་ལ་གནོད་ཚབ་ཆེན་པོ་བཟོས་ཡོད་ཅིང་། རྒྱ་ནག་གཞུང་གིས་བོད་ལ་དབང་བསྒྱུར་བྱས་ནས་བོད་ཀྱི་ཁོར་ཡུག་གནས་སྟངས་ལ་མ་གཞིགས་པར་གང་བྱུང་གིས་འཛུགས་སྐྲུན་འཕེལ་རྒྱས་ལས་གཞི་སྤེལ་ནས། བོད་ཀྱི་ཁོར་ཡུག་གནོད་ཚབ་བཟོ་བའི་ཐོབ་ཐང་མེད་པ་རེད་ཅེས་དང་། ད་དུང་ཀརྨ་པ་མཆོག་ནས་བོད་ནང་དེང་སྐབས་དམིགས་བསལ་གཏེར་ཁ་སྔོག་འདོན་དང་། ཆུ་རག་རྒྱག་པ་སོགས་ཀྱི་ལས་གཞི་ཤུགས་ཆེ་སྤེལ་བཞིན་པ་སོགས་ཀྱིས་བོད་ཀྱི་ཁོར་ཡུག་ཙམ་མ་ཟད་།  ཨེ་ཤེ་ཡའི་ཡུལ་གྲུ་མང་པོའི་ཁོར་ཡུག་ལ་གནོད་ཚབ་ཆེན་པོ་བཟོ་གི་ཡོད་པ་རེད། དེར་བརྟེན་རྒྱ་གར་གཞུང་དང་བོད་དབར་གྱི་འབྲེལ་ལམ་དེ་ཧ་ཅང་ཟབ་མོ་ཡིན་པས། གནད་དོན་དེ་ཚོའི་ཐོག་རྒྱ་གར་གཞུང་གིས་རྒྱ་ནག་ཕྱོགས་སུ་ཐུགས་ཚབས་ཡོད་པའི་རྣམ་འགྱུར་སྟོན་གནང་དགོས་པའི་ཛ་དྲག་འབོད་སྐུལ་གནང་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།