ཡུ་རོབ་མཐུན་ཚོཊ་ཀྱི་སྐུ་ཚབ་ཚོཊ་པ་ཞིག་རྒྱ་ནག་ལ་གཟིཊ་བསྐོར་ཕེབས་འཆར་ཡོད་པ

ཡུ་རོབ་མཐུན་ཚོཊ་ཀྱི་སྐུ་ཚབ་ཚོཊ་པས་རྒྱ་ནག་ལ་གཟིཊ་སྐོར་སྐབས་བོད་དོན་ཐོག་གྲོས་མོལ་གནང་འཆར་ཡོད་པ་གསུངས་འདུག

2008-04-21
Share

༄༅༎ཡུ་རོབ་མཐུན་ཚོཊ་ཀྱི་ཚོཊ་གཙོའི་གཙོས་སྐུ་ཚབ་ཚོཊ་པ་ཞིག་རྒྱ་ནག་ལ་གཟིཊ་བསྐོར་གནང་བའི་སྐབས་སུ་རྒྱ་ནག་གི་ཆེ་མཐོའི་དབུ་ཁྲིད་ཀྱི་ལྷན་བོད་ཀྱི་གནད་དོན་སྐོར་བཀའ་མོལ་གནང་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད། ཡུ་རོབ་མཐུན་ཚོཊ་ཀྱི་ཚོགས་གཙོ་ ཧོཟེ་མེནུཝེལ་ བྷ་ར་སོ་ མཆོག་གིས་དབུ་ཁྲིད་པའི་ཡུ་རོབ་མཐུན་ཚོགས་ཀྱི་འགན་གཛིན་ཁག་ཅིག་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་ལ་གཟིགས་བསྐོར་གནང་བར་ཕེབས་ཀྱི་ཡོད་པ་དང༌། སྐབས་དེར་ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་རྣམ་པ་དང་། རྒྱ་ནག་གི་སྲིད་འཛིན་་ ཧུའུ་ཅིན་ཐའོ་ དང་སྲིད་བློན་་ ཝུན་ཅ་པའོ་ རྣམ་གཉིས་མཇལ་འཕྲད་གནང་གི་ཡོད་པ་དང༌། ཡུ་རོབ་མཐུན་ཚོགས་ཀྱི་མགྲིན་ཚབ་པ་ ཝི་ལི་ཡམ་ ཕིང་ལིཊོན་ ཡིས་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་སྲིད་འཛིན་ ཧུའུ་ཅིན་ཐའོ་ ལྷན་གྲོས་མོལ་གྱི་ནང་ཡུ་རོབ་མཐུན་ཚོགས་ལ་བོད་ཀྱི་གནད་དོན་ལ་ཐུགས་འཚབ་ཡོད་པའི་གནད་དོན་སྐོར་བཀའ་མོལ་གནང་གི་རེད་ཅེས་གསུངས་ཡོད་པ་རེད། དེ་ཡང་ཡུ་རོབ་མཐུན་ཚོགས་ཀྱིས་སྤྱི་བསྒྲགས་སྤེལ་བའི་ནང་ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས། རྒྱ་ནག་གཞུང་གི་དབུ་ཁྲིད་ཚོའི་ལྷན་གྲོས་མོལ་གནང་སྐབས་འགྲོ་བ་མིའི་ཐོབ་ཐང་དང་། སྨྲ་བརྗོད་ཀྱི་རང་དབང་བཅས་ཀྱི་སྐོར་བཀའ་མོལ་གནང་གི་ཡོད་པ་ལྟར། ད་རེས་བོད་ནང་བོད་མིའི་ཞི་བའི་གྱེན་ལངས་བྱུང་བའི་དོན་རྐྱེན་གྱི་རྗེས། དེར་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་ན་འགྲིག་ཐབས་མེད་པའི་གནད་དོན་གྱི་སྐོར་གྲོས་མོལ་གནང་དགོས་པ་དེ། དེ་བས་གལ་འགངས་ཆེ་བ་ཞིག་འགྱུར་ཡོད་ཅེས་གསུངས་ཡོད་པ་རེད༎

 

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།