གནམ་བདེ་སྒོ་མོ་ཆེ་མདུན་ཐང་དུ་དོན་རྐྱེན་བྱུང་འདུག


2013-10-28
Share
གནམ་བདེ་སྒོ་མོ་ཆེ་མདུན་ཐང་དུ་དོན་རྐྱེན་བྱུང་བའི་འདྲ་པར། གནམ་བདེ་སྒོ་མོ་ཆེ་མདུན་ཐང་དུ་དོན་རྐྱེན་བྱུང་འདུག
པར། AFP

རྒྱ་ནག་པེ་ཅིན་གནམ་བདེ་སྒོ་མོ་ཆེ་མདུན་ཐང་དུ་མོ་ཊ་བརྡབ་པ་ཞིག་འབར་གས་བྱུང་ནས་ཉུང་མཐར་མི་ལྔ་ཙམ་རྐྱེན་ལམ་བཏང་བ་དང་མང་པོ་ཞིག་རྨས་སྐྱོན་བཏང་ཕོག་འདུག

དེ་ཡང་གནས་ཚུལ་ལྟར་ལྟར་ན། སྤྱི་ཚེས་༢༨ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་གི་གནམ་བདེ་སྒོ་མོ་ཆེ་མདུན་ཐང་གི་ཡུལ་སྐོར་བ་འཛོམས་སར་། གློ་བུར་མོ་ཊ་ཆུང་ཆུང་ཞིག་རྒྱུགས་ཡོང་སྐབས་མེ་འབར་ཡོད་པ་དང་། དོན་རྐྱེན་དེའི་འོག་ཉུང་མཐར་མི་ལྔ་རྐྱེན་ལམ་དུ་བཏང་བ་དང་། མི་གྲངས་ ༣༨ ཙམ་ལ་རྨས་སྐྱོན་ཕོག་ཡོད་ལུགས་ཉེན་རྟོག་མི་སྣས་འགྲེལ་བརྗོད་བྱས་ཡོད་པ་རེད།

སྐབས་དེར་གནས་ཚུལ་མཐོང་མཁན་ཞིག་གིས AFP་གསར་འགྱུར་ལས་ཁང་གི་གསར་འགོད་པར་བརྗོད་དོན། མོ་ཊ་SUV རྟགས་ཅན་ཞིག་དེ་སྔའི་ཨིམ་པི་རིལ་ཞེས་པའི་རྒྱལ་ཁང་གི་མིའི་འགྲུལ་ཞུད་བྱེད་ཡུལ་དུ་བཞག་ཡོད་པ་མཐོང་བྱུང་ཞེས་བཤད་ཡོད་པ་དང་། དེས་མོ་ཊ་ཁ་ཤོར་བ་འམ་བརྡབ་སྐྱོན་བྱུང་བ་མ་ཡིན་པར་ཆེད་མངགས་དོན་རྐྱེན་བཟོས་བ་ཞིག་ཡིན་པའི་རྣམ་པ་ཡོད་ཚུལ་བཤད་བཟིན་པ་དང་། ཡང་ཁག་ཅིག་གིས་མོ་ཊ་དེ་མགྱོགས་པོའི་ངང་འགྲོ་གི་ཡོད་པ་མཐོང་བ་དུས་མཚུངས་མི་མང་པོ་ཞིག་དེའི་འོག་བསྣན་སོང་ཞེས་བཤད་ཚུལ་འདྲ་མིན་ཡོང་གི་ཡོད་པ་རེད།

གང་ལྟར་དོན་རྐྱེན་བྱུང་མ་ཐག་དེའི་སྐོར་གྱི་འདྲ་པར་མང་པོ་དྲ་ལམ་ཁག་ལ་ཁྱབ་ཡོད་ཀྱང་། རྒྱ་ནག་ཕྱོགས་ཀྱི་དྲ་ལམ་ནས་འདྲ་པར་མང་པོ་རིམ་པས་བསུབ་ཚར་ཡོད་འདུག དེ་མ་ཐག་གནས་ཚུལ་བྱུང་ཡུལ་ལ་ཕྱི་གསར་འགོད་པ་ཡོང་ཏུ་མ་བཅུག་པ་དང་། ལམ་ཁ་ཚང་མ་བཀག་ནས་དམ་དྲག་བྱས་ཡོད་པ་རེད།

རྐྱེན་ལམ་དུ་ཕྱིན་པའི་ཁོངས་སུ་ཧྥེ་ལེ་པིན་གྱི་བུད་མེད་ཡུལ་སྐོར་བ་ཞིག་དང་། མོ་ཊའི་ནང་གི་མི་གསུམ། གཞན་རྒྱ་མི་རིགས་གཅིག་བཅས་ཉུང་མཐར་མི་སྣ་རྐྱེན་ལམ་དུ་བཏང་འདུག

གནས་ཚུལ་ནང་མོ་ཊའི་ནང་གི་མི་གསུམ་པོ་དེ་དག་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ལ་ཆེད་མངགས་ཡོང་ནས་དོན་རྐྱེན་དེ་བཟོས་བ་ཡིན་མིན་སོགས་བོད་ནང་བོད་དོན་ཆེད་བོད་མི་༡༢༠ ལྷག་གིས་རང་ལུས་མེ་བསྲེགས་བཏང་བའི་གནས་ཚུལ་ཡང་ལུང་འདྲེན་བྱས་ནས་དྲ་རྒྱའི་གསར་ལམ་ཁག་དུ་བསམ་ཚུལ་མང་པོ་ཞིག་ཐོན་བཞིན་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།