རྒྱ་གར་གྱི་སྲིད་བློན་མོ་རྡི་ཨ་མི་རི་ཀར་ཕེབས་རྒྱུ་ཡིན་འདུག


2014.09.09
ཨ་རིའི་སྲིད་འཛིན་ཕོ་བྲང་དཀར་པོ། ཨ་རིའི་སྲིད་འཛིན་ཕོ་བྲང་དཀར་པོ།
ཀླུ་འབུམ།

ཨ་མི་རི་ཀའི་སྲིད་འཛིན་ཨོ་བྷ་མས་རྒྱ་གར་གྱི་སྲིད་བློན་མོ་རྡི་མཆོག་དང་སྲིད་འཛིན་གྱི་ཕོ་བྲང་ནང་མཇལ་འཛོམས་གནང་གཏན་འཁེལ་འདུག
དེ་ཡང་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་མོ་རྡི་མཆོག་གིས་ཟླ་བ་འདིའི་ཚེས་༢༩ནས་༣༠བར་ཨ་མི་རི་ཀར་གཞུང་འབྲེལ་སླད་དུ་ཕེབས་གཏན་འཁེལ་བ་ཨ་མི་རི་ཀའི་སྲིད་འཛིན་ལས་ཁུངས་ཀྱིས་ཁ་སང་གཏམ་བཤད་སྤེལ་གནང་ཡོད་པ་རེད། ཉིན་གཉིས་རིང་གི་གཟིགས་བསྐོར་སྐབས་གཙོ་བོ་སྲིད་བློན་མོ་རྡི་མཆོག་གིས་ཨ་མི་རི་ཀའི་སྲིད་འཛིན་Obamaམཆོག་དང་ཕོ་བྲང་ནང་མཇལ་འཛོམས་གནང་རྒྱུ་དང་ལྷན་ཡུལ་གཉིས་ཕན་ཚུན་དབར་གྱི་རྩ་དོན་ཐད་འབྲེལ་བ་གཏིང་ཟབ་ཅན་དང་རྒྱ་བསྐྱེད་གཏོང་རྒྱུའི་གནད་དོན་ཐད་ལ་བཀའ་བསྡུར་ལྷུག་པོ་གནང་གི་རེད་ཅེས་ཨ་མི་རི་ཀའི་སྲིད་འཛིན་གྱི་ལས་ཁུངས་ཀྱིས་སྤེལ་བའི་གཏམ་བཤད་ནང་བཀོད་ཡོད་པ་རེད། གནད་དོན་དེ་དག་གི་ཁོངས་སུ་དཔེར་ན། དཔལ་འབྱོར་འཕེལ་རྒྱས་དང་། བདེ་འཇགས་མཉམ་སྦྲེལ་ནུས་སྟོབས་གོང་སྤེལ། ཕུགས་རྒྱང་རིང་པོའི་རིང་ལ་རྒྱལ་ཁབ་གཉིས་དང་། འཛམ་གླིང་སྤྱི་ལ་ཕན་རླབས་བྱ་བའི་ལས་དོན་རིགས་ཀྱི་ཐོག་ལ་འཕྱར་གྲུ་མཉམ་འདེགས་ཀྱི་སྲིད་བྱུས་ཕྱག་ལེན་བསྟར་རྒྱུ་ཡིན་པ་རེད། ཡུལ་གཉིས་དབར་གནད་དོན་གང་ཅིའི་ཐད་འབྲེལ་བ་ཟབ་ཏུ་གཏོང་ཐབས་གནང་རྒྱུ་དང་ཆབས་ཅིག་Afghanistan དང་། Syria Iraq སོགས་ཀྱི་གནད་དོན་ཐོག་ལའང་ཨ་མི་རི་ཀ་དང་རྒྱ་གར་དབར་ལས་དོན་མཉམ་རུབ་གནང་བའི་ཐོག་ནས་ཡུལ་གཉིས་ཀའི་མི་མང་དང་། འཛམ་གླིང་གི་མི་མང་བཅས་པར་ཁེ་ཕན་གྲུབ་ཐབས་སླད་ཨ་མི་རི་ཀ་དང་། རྒྱ་གར་དབར་གྱི་འཐབ་བྱུས་ལྡན་པའི་འབྲེལ་བའི་དམིགས་ཡུལ་དེ་དག་ལག་ལེན་དོན་འཁྱོལ་ཐུབ་རྒྱུར་སྲིད་འཛིན་ཨོ་བྷ་མས་ཐུགས་རེ་གནང་གི་ཡོད་པ་རེད།     

གསར་འགོད་པ་འབེན་པ་སྟོབས་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎