ཉི་ཧོང་གི་མི་སེར་ཞིག་ལ་རྒྱ་ནག་གིས་བརྟག་དཔྱད་བྱེད་བཞིན་པ།

2016-07-30
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་རྒྱལ་ས་པེ་ཅིང་དུ་རྒྱ་ནག་སྲིད་འཛིན་དང་ཉི་ཧོང་གི་སྲིད་བློན་རྣམ་གཉིས་མཇལ་འཕྲད་གནང་བཞིན་པ།
རྒྱ་ནག་རྒྱལ་ས་པེ་ཅིང་དུ་རྒྱ་ནག་སྲིད་འཛིན་དང་ཉི་ཧོང་གི་སྲིད་བློན་རྣམ་གཉིས་མཇལ་འཕྲད་གནང་བཞིན་པ།
ཨེ་ཨེཕ་པི།

༄༅། །ཉི་ཧོང་གི་མི་སེར་ཞིག་གིས་རྒྱ་ནག་གི་བདེ་འཇགས་ལ་ཉེན་ཚབས་བཟོ་སྲིད་པའི་དོགས་གཞིའི་འོག་བརྟག་དཔྱད་བྱེད་བཞིན་པ་རྒྱ་ནག་ཕྱི་སྲིད་ལས་ཁང་གིས་དེ་རིང་ཁས་ལེན་བྱས་ཡོད་འདུག ཉིན་ཤས་གོང་ཉི་ཧོང་གི་གསར་འགྱུར་བརྒྱུད་ལམ་ཁག་གིས་དེའི་སྐོར་གནས་ཚུལ་སྤེལ་ཡོད་པར་རྒྱ་ནག་ཕྱི་སྲིད་ལས་ཁང་གིས་དེ་རིང་ངོས་ལེན་བྱས་པ་དང་འབྲེལ། གནས་ཚུལ་དེའི་སྐོར་ཉི་ཧོང་གཞུང་ཚབ་ཁང་དང་འབྲེལ་བ་བྱས་ལུགས་འགྲེལ་བརྗོད་བྱས་ཡོད་འདུག ཕྱི་ཟླ་ ༧ ཚེས་ ༢༨ ཉིན་ཉི་ཧོང་གི་གསར་འགྱུར་བརྒྱུད་ལམ་ཁག་གིས་རྒྱ་ནག་ནང་ཉི་ཧོང་དང་རྒྱ་ནག་དབར་འབྲེལ་ལམ་བཟང་ཕྱོགས་སུ་འགྲོ་རྒྱུར་དམིགས་ཏེ་ཉི་ཧོང་གི་སྐུ་ཚབ་ཚོགས་པའི་འཐུས་མི་ཞིག་གིས་གསོ་པའི་ལས་ཀ་བྱེད་བཞིན་ཡོད་ལུགས་རྒྱ་ནག་གཞུང་ཕྱོགས་ནས་དོགས་པ་བྱས་ཏེ་འཛིན་བཟུང་བྱས་ཡོད་པའི་སྐོར་འཁོད་ཡོད་པ་དང་། ཉི་ཧོང་གི་མི་སེར་དེ་བཞིན་འཆར་གཞི་ལྟར་ན་ཕྱི་ཟླ་ ༧ ཚེས་ ༡༥ ཉིན་ཉི་ཧོང་ནང་ཕྱིར་ལོག་བྱ་རྒྱུ་ཡིན་ན་ཡང་། ད་བར་ཉི་ཧོང་ནང་འབྱོར་མེད་པར་མ་ཟད། ཁོ་པའི་ལག་འཁྱེར་ཁ་པར་ལའང་འབྲེལ་བ་ཐུབ་ཀྱི་མེད་པའི་གནས་སྟངས་འོག གཟའ་ཕུར་བུའི་ཉིན་ཉི་ཧོང་གཞུང་གི་ཕྱོགས་ནས་ཉི་ཧོང་གི་མི་སེར་སྐྱེས་པ་དེ་རྒྱ་ནག་གཞུང་གི་བཀག་ཉར་བྱས་ཡོད་པའི་སྐོར་གསལ་བཤད་གནང་ཡོད་ཀྱང་། བཀག་ཉར་བྱེད་དགོས་དོན་རྒྱུ་མཚན་སོགས་གང་ཡང་འགྲེལ་བརྗོད་གང་ཡང་བྱས་མེད་པ་རེད༎

མཆན། (0)
Share
དྲ་གནས་ཆ་ཚང༌།