བལ་ཡུལ་རྒྱལ་ཡོངས་འོས་བསྡུ་བྱེད་གཏན་འཁེལ་བ།


2013.11.09
བལ་ཡུལ་རྒྱལ་ཡོངས་འོས་བསྡུ། ཨ་རིའི་སྲིད་འཛིན་ཟུར་པ་ ཇི་མི་ ཀ་ཊར།
ཨེ་ཨེཕ་པི།

༄༅༎ཨ་རིའི་སྲིད་འཛིན་ཟུར་པ་ ཇི་མི་ ཀ་ཊར་ དང༌།    ཐའི་ལེནྜ་ ཡི་སྲིད་བློན་གཞོན་པ་ཟུར་པ་གཉིས་ཀྱི་དབུ་འཁྲིད་འོག་འོས་བསྡུའི་བརྟག་ཞིབ་ཚོགས་ཆུང་ཞིག་བལ་ཡུལ་དུ་ཆེད་ཕེབས་ཀྱིས། འདི་ལོ་ཕྱི་ཟླ་༡༡་པའི་ཚེས་༡༩་ཉིན་གནང་གཏན་འཁེལ་བའི་ཁྲིམས་བཟོའི་འཐུས་མིའི་ལྷན་ཚོགས་ཀྱི་རྒྱལ་ཡོངས་འོས་བསྡུར་བརྟག་ཞིབ་གནང་རྒྱུ་ཡིན་འདུག    
ཨ་རིའི་སྲིད་འཛིན་ཟུར་པ་ ཇི་མི་ ཀ་ཊར་ གྱི་ལྟེ་གནས་ཁང་གི་བལ་ཡུལ་གྱི་འོས་བསྡུ་བརྟག་ཞིབ་ལས་དོན་དེའི་ནང་།    རྒྱལ་ཁབ་༢༧ ནས་བརྟག་ཞིབ་པ་མི་གྲངས་ ༥༠ བརྒལ་བ་བལ་ཡུལ་རྒྱལ་ཡོངས་སུ་བཀོད་སྒྲིག་གནང་རྒྱུ་ཡིན་པ་དང་། བལ་ཡུལ་བར་བརྒལ་གཞུང་གིས་ཡིག་ཐོག་གདན་ཞུ་གནང་དོན་ལྟར། ཀ་ཊར་ ལྟེ་གནས་ཁང་གིས་བལ་ཡུལ་རྒྱལ་ཡོངས་འོས་བསྡུའི་བརྟག་ཞིབ་གནང་གཏན་འཁེལ་ཡོད་པ་རེད།
བལ་ཡུལ་གྱི་རྒྱལ་ཡོངས་འོས་བསྡུ་དེ་བཞིན་ཁྲིམས་བཟོའི་འཐུས་མི་དང་གྲོས་ཚོགས་འཐུས་མི་འབྲེལ་མ་ལྟ་བུ་ཆགས་ཀྱི་ཡོད་ཅིང་། དེ་སྔ་ཁྲིམས་བཟོའི་འཐུས་མི་གྲངས་ ༦༠༡ འོས་འདེམས་བྱས་ཏེ་ལས་ཡུན་ཕར་འགྱངས་ལན་མང་གནང་ཡང་རྩ་ཁྲིམས་ཟིན་བྲིས་གཏན་འབེབས་གནང་མ་ཐུབ་པར་བརྟེན།    ད་རེས་སླར་ཡང་ཁྲིམས་བཟོའི་འཐུས་མིའི་རྒྱལ་ཡོངས་འོས་བསྡུ་བྱ་དགོས་བྱུང་བ་ཡིན་པ་རེད།     བལ་ཡུལ་གྱི་རྒྱལ་ཡོངས་འོས་བསྡུའི་ནང་། འོས་བསྡུའི་ས་གནས་ཀྱི་འོས་འཕེན་པ་ཚོས་འོས་ཤོག་འཕེན་པ་མང་བ་སུར་འཐོབ་ལ་རྒྱལ་ཁ་འཐོབ་པར་ངོས་འཛིན་བྱ་རྒྱུའི་འཐུས་མིའི་གདན་གྲངས་འབོར་ ༢༤༠ ་དང་།    
འོས་འཐོབ་ཆ་ཚད་ལྟར་གྱི་འཐུས་གྲངས་སམ་ཡང་ན།    འོས་བསྡུའི་རྒྱལ་ཁ་ཇི་འཐོབ་ལ་རག་ལུས་པའི་འཐུས་མིའི་གྲངས་འབོར་འཐོབ་པར་ངོས་འཛིན་བྱ་རྒྱུའི་འཐུས་མིའི་གདན་གྲངས་༣༣༥་ཡོད་པ་རེད།    དེ་འཕྲོས་འཐུས་མིའི་གདན་གྲངས་བཅུ་ཟུར་བཅད་ཡོད་པ་ནི།    རྒྱབ་གཉེར་ལ་གཞི་བཅོལ་ནས་ཐད་བསྐོ་གནང་རྒྱུ་བཅས་ཁྱོན་བསྡོམས་ཁྲིམས་བཟོའི་འཐུས་མིའི་གདན་གྲངས་ ༥༨༥་ལ་གཏན་འབེབས་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎