རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཐད་ཁ་གཏད་བྱ་དགོས་ཟེར།


2020.07.01
ཨ་རིའི་གཞུང་གི་རྒྱལ་ཚོགས་ཀྱི་སྐུ་ཚབ་(Kelly Craft)་ལགས།་༢༠༢༠།༢ ཨ་རིའི་གཞུང་གི་རྒྱལ་ཚོགས་ཀྱི་སྐུ་ཚབ་(Kelly Craft)་ལགས།་༢༠༢༠།༢
AP

རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཐད་དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་ཁ་གཏད་བྱ་དགོས་ཞེས་ཨ་རིའི་རྒྱལ་ཚོགས་ཀྱི་སྐུ་ཚབ་ཀྱིས་གསུང་འདུག
རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་སྡུག་པོ་ཡོད་པ་སེལ་ཐབས་དང་ཁ་གཏད་ཆེད། རྒྱལ་ཚོགས་དང་ཚང་མས་དེ་བས་ཕྱི་གསལ་ནང་གསལ་དང་དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་གདོང་ལེན་བྱེད་དགོས་པ་ཨ་རི་གཞུང་གིས་གསུངས་ཡོད་པ་དང་འབྲེལ། ཨ་རི་གཞུང་གིས་ཧོང་ཀོང་མི་དམངས་དང་། ཡུ་གུར། བོད་མིའི་ཚོའི་གནས་སྟངས་ལ་དོ་སྣང་ཆེན་པོ་གནང་བཞིན་ཡོད་པ་ཨ་རིའི་རྒྱལ་ཚོགས་ཀྱི་སྐུ་ཚབ་(Kelly Craft)་ལགས་ཀྱིས་གསལ་བསྒྲགས་སྤེལ་བའི་ནང་བཀོད་ཡོད་པ་རེད།
གསལ་བསྒྲགས་དེའི་ནང་། ཨ་རིའི་གཞུང་གི་རྒྱལ་ཚོགས་ཀྱི་སྐུ་ཚབ་(Kelly Craft)་ལགས་ཀྱིས། འདས་པའི་ལོ་ངོ་བཅུ་གྲངས་ཁ་ཤས་ནང་རྒྱ་ནག་དམར་ཤོག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་དྲག་རྩུབ་དང་། འཆར་གཞི་དང་གོ་རིམ་ལྡན་པའི་ཐོག་ནས་བཙན་གནོན་བྱེད་ཀྱི་ཡོད་པ་འཛམ་གླིང་ཡུལ་གྲུ་ཚང་མས་ཤེས་རྟོགས་ཡོད་པ་ཞིག་ཡིན་ན་ཡང་། ཡུལ་གྲུ་མང་པོས་དེ་མཐོང་གི་མེད་པ་ལྟ་བུའི་གཡོལ་ཐབས་བྱེད་ཀྱི་འདུག རྒྱ་ནག་གཞུང་གི་སྲིད་ཇུས་འོག་རྒྱ་ནག་ཁྱོན་ཡོངས་སུ་ཁྲིམས་རྩོད་པ་བཀག་ཉར་དང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་གར་སོང་ཆ་མེད་དུ་གྱུར་བ། དེ་བཞིན་བཙན་དབང་གིས་ངལ་རྩོལ་བཀོལ་བ། སྒེར་གྱི་གནས་ཚུལ་དང་སྨྲ་བརྗོད་ལ་སྟངས་འཛིན་བྱེད་པ། དྲ་རྒྱའི་བདེ་འཇགས་ཟེར་བའི་ཁྲིམས་ལུགས་བཟོས་ནས་དྲ་རྒྱ་བེད་སྤྱོད་བྱེད་མཁན་ཚོར་དོ་དམ་སྟངས་འཛིན་བྱེད་པ། ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་ཟེར་བ་གཏན་འབེབས་བྱས་བ་སོགས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གྱི་བྱ་སྤྱོད་ཚབས་ཆེ་སྤེལ་བཞིན་ཡོད་པར་བརྟེན་ནས།  རྒྱ་ནག་གི་འགྲོ་བ་མིའི་ཟིན་ཐོར་བློ་ཕམ་བྱ་དགོས་པ་ཞིག་ཆགས་ཡོད། དེ་བས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་ཐབས་ཆེད་རྒྱལ་ཚོགས་དང་ཚང་མའི་ངོས་ནས་ཕྱི་གསལ་ནང་གསལ་དང་། དངོས་ཡོད་གནས་སྟངས་ཐོག་ནས་བགྲོ་གླེང་སོགས་བྱས་ནས་ཁ་གཏད་བྱ་དགོས་ཀྱི་ཡོད་པ་སོགས་བཀོད་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎