འབོ་ར་ར་རང་ལུས་མེར་སྲེག

དཀོན་མཆོག་སྐྱབས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་བྱས་རྗེས་སྐུ་གྲོངས་ཡོད་འདུག
2013-01-22
གློག་འཕྲིན།
མཆན།
Share
པར་བཀོད།
གཞོན་སྐྱེས་དཀོན་མཆོག་སྐྱབས་ཀྱིས་སྔོན་མོ་ཐང་འབོ་ར་དགོན་པའི་སྟོང་ཆོས་ཆོས་གྲྭའི་འགྲམ་དུ་རང་ལུས་མེར་བསྲེགས་རྗེས་ཉེན་རྟོག་པས་སྲུང་ཡོད་པ།
གཞོན་སྐྱེས་དཀོན་མཆོག་སྐྱབས་ཀྱིས་སྔོན་མོ་ཐང་འབོ་ར་དགོན་པའི་སྟོང་ཆོས་ཆོས་གྲྭའི་འགྲམ་དུ་རང་ལུས་མེར་བསྲེགས་རྗེས་ཉེན་རྟོག་པས་སྲུང་ཡོད་པ།
འབོ་ར་བ་བསོད་ནམས།

འབོ་ར་བ་བསོད་ནམས་སོགས་འབྲེལ་ཡོད་མི་སྣས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་བཏང་དོན། དེ་རིང་2013/1/22ཉིན་གྱི་བོད་ནང་གི་ཆུ་ཚོད་12སྟེང་། བོད་མདོ་སྨད་བསང་ཆུ་རྫོང་བླ་བྲང་། འབོ་རའི་རྒྱང་རིང་སྡེ་བའི་གཞོན་སྐྱེས་དཀོན་མཆོག་སྐྱབས་སམ་དཀོན་བྷེ་ཟེར་བ་ཞིག་གིས་སྔོན་མོ་ཐང་འབོ་ར་དགོན་པའི་སྟོང་ཆོས་ཆོས་གྲྭའི་འགྲམ་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ཞི་རྒོལ་བྱས་རྗེས་སྐུ་གྲོངས་ཡོད་པ་རེད། འབོ་ར་དགོན་པར་གྲྭ་མང་གིས་ལོ་རེའི་འཆར་ཅན་བསྙེན་མཚམས་གཏོང་བའི་དུས་ལ་འཁེལ་ཞིང་ལྷག་མ་རྣམས་ཚོགས་མ་གྲོལ་བའི་བར་ལ་གཞུང་གིས་འཁྱེར་འདུག ད་ལྟ་འབོ་ར་ས་ཁུལ་དུ་དམག་མི་དང་ལྷག་པར་བསང་ཆུ་རྫོང་གི་འབྲེལ་ཡོད་ལས་བྱེད་དང་དམིགས་བསལ་ཉེན་རྟོག་རུ་ཁག་མི་སྣ་མང་བོ་འབྱོར་ནས་དམ་དྲག་བྱེད་བཞིན་པ་དང་། བོད་ནང་དགོང་མོ་ཆུ་ཚོད་བདུན་པ་མ་ཟིན་ཙམ་ལ་བག་ཚ་རྒྱ་ར་དང་། མདའ་འདུ། སྡེ་ཆེན་བཅས་མཉམ་འཛོམས་བྱས་ཏེ་ས་གནས་སུ་ལེན་གི་འགྲོ་གྲབས་བྱེད་ཀིན་འདུག ཡང་ཁ་ཤས་ཀྱིས་གཙོད་རོ་བསྲེགས་ཁང་དང་། ཡང་ན་ས་གནས་ཡུལ་ཚོའི་གཞུང་གི་ལྟེ་བ་ག་གེ་མོ་ཞིག་ཏུ་ཡོད་ཤག་གི་ཚོད་དཔག་བྱེད་རྒྱུ་ལས། གང་དུ་ཡོད་པ་དང་ནམ་ཞིག་ལ་ཞུགས་འབུལ་བྱེད་རྒྱུ་སོགས་ནང་མི་ལ་ཡང་ཤེས་རྟོགས་ཀྱི་བརྡ་ལན་ཙམ་ཡང་སྤྲད་མི་འདུག་ཡུལ་མི་ཚོས་སེམས་ཁྲལ་ཆེན་པོ་བྱེད་བཞིན་པ་རེད།

གཞོན་སྐྱེས་དཀོན་མཆོག་སྐྱབས

དཀོན་མཆོག་སྐྱབས་ཁོང་ནི་ད་ལོ་རང་ལོ་26ཙམ་ཡིན་པ་དང་། ཨ་ཕའི་མིང་ལ་རྡོ་རྗེ་ཚེ་བརྟན་ཟེར་ཞིང་དེ་སྔ་གྲོངས་འདུག ཨ་མའི་མིང་ལ་རིན་ཆེན་འཚོ། བཟའ་ཟླའི་མིང་ལ་མཁར་མོ་ཐར། ཁོང་གཉིས་ལ་བྱིས་པ་བུ་ཆུང་ལོ་གཅིག་ཟིན་ལ་ཉེ་བ་ཞིག་ཡོད་པ་དང་། དཀོན་མཆོག་སྐྱབས་ཁོང་གྲོང་བ་གཅིག་པའི་རྣམ་རྒྱལ་ཚེ་རིང་ཚང་དུ་མག་པར་སོང་ནས་ད་ལྟ་རྣམ་རྒྱལ་ཚེ་རིང་དང་ལྕགས་མོ་ཕྱུག་གཉིས་ཀྱི་བུ་མོ་མཁར་མོ་ཐར་གྱི་མག་པ་བྱས་ནས་ཏེ་ཡོད་པས་ཁུ་ཚང་གི་མི་ཡིན། རྡོ་རྗེ་འཚོ་ཟེར་བའི་ཁོང་གི་བཟའ་ཟླར་སྲང་མོ་ཞིག་ཡོད་འདུག
ས་གནས་ནས་བཤད་པ་ལྟར་ན། ཁོང་ནི་ནམ་རྒྱུན་སྨྲ་བ་ཉུང་ཞིང་། ཉམ་ཆུང་གཤིས་ཀ་ལྡན་པ། ཁྱིམ་ཚང་གི་ལས་ཀ་ཡོངས་རྫོགས་ལ་ཧུར་ཐག་འབད་ཐག་གནང་མཁན་གསར་བུ་ཡ་རབས་ཤིག་ཡིན་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།