བོད་མིར་འཕྲད་བཞིན་པའི་དཀའ་ངལ་ཁག་ངོ་སྤྲོད་འཆར་གཞི་དགོས།

2014-02-28
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཁག་ལ་འཕྲད་བཞིན་པའི་དཀའ་ངལ་ཁག་སེལ་ཐབས་སོགས་ཀྱི་ཚོགས་འདུའི་སྐབས། ༢༠༡༤།༢།༢༧
རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཁག་ལ་འཕྲད་བཞིན་པའི་དཀའ་ངལ་ཁག་སེལ་ཐབས་སོགས་ཀྱི་ཚོགས་འདུའི་སྐབས། ༢༠༡༤།༢།༢༧
པར། བོད་མིའི་སྒྲིག་འཛུགས།

རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཁག་ལ་འཕྲད་བཞིན་པའི་དཀའ་ངལ་ཁག་སེལ་ཐབས་སོགས་ཀྱི་ཚོགས་འདུ་རྒྱས་འཛོམས་ཤིག་གནང་འདུག
དེ་ཡང་སྤྱི་ཚེས་༢༧ཉིན་རྒྱ་གར་གཞུང་གི་ནང་སྲིད་དྲུང་ཆེ་ལས་འཕར་K.K.Pathak མཆོག་གི་གཙོ་སྐྱོང་འོག་ཕྱི་སྲིད་ལྷན་ཁང་གི་ཤར་ཨེ་ཤེ་ཡའི་སྡེ་ཚན་གྱི་འབྲེལ་ཡོད་ལས་བྱེད་དང་། དེ་བཞིན་Karnatakaདང་། Himachal, Odisha, ནུབ་Bengal, Arunanchal Pradesh སོགས་ཀྱི་གཙོས་བཙན་བྱོལ་བོད་མི་གནས་ཡུལ་མངའ་སྡེ་ཁག་གི་འབྲེལ་ཡོད་ལས་བྱེད་མཉམ་ཞུགས་ཐོག་བོད་གཞུང་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་དང་། ལྡི་ལི་དོན་གཅོད་མཆོག དོན་གཅོད་ཁང་གི་ལས་བྱེད།  བྷེང་ལོར་ལྷོ་སྤྱི་། སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་སོགས་རྒྱ་གར་དང་། བོད་ཀྱི་དཔོན་རིགས་ཁག་གི་དབར་བོད་མིའི་གཞིས་ཆགས་ཁག་ལ་འཕྲད་བཞིན་པའི་ས་ཞིང་བདག་དབང་གི་གཙོས་པའི་དཀའ་ངལ་ཁག་སེལ་ཐབས་ལ་གྲོས་མོལ་རྒྱས་པོ་ཞིག་གནང་ཡོད་པ་དང་། ཚོགས་འདུའི་ཐོག་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ཀྱིས། རྒྱ་གར་གཞུང་ནས་ད་བར་བཙན་བྱོལ་བོད་མི་རྣམས་ལ་རོགས་སྐྱོར་གང་ལེགས་གནང་བར་བཀྲིན་རྗེས་དྲན་གྱིས་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་གཞིས་ཆགས་ཁག་ལ་འཕྲད་བཞིན་པའི་དཀའ་ངལ་ཁག་སེལ་ཐབས་ལ་མུ་མཐུད་རོགས་འདེགས་ཡོང་བའི་སྐྱབས་འཇུག་ཞུས་ཡོད་པ་དང་། རྒྱ་གར་གཞུང་གི་ནང་སྲིད་དྲུང་ཆེ་ལས་འཕར་མཆོག་ནས་བོད་མིའི་སྒྲིག་འཛུགས་ལ་བཙན་བྱོལ་བོད་མིར་འཕྲད་བཞིན་པའི་དཀའ་ངལ་ཁག་ཞིབ་ཕྲ་ངོ་སྤྲོད་ཀྱི་འཆར་གཞི་འབུལ་དགོས་པ་དང་། དེར་གཞིགས་ནས་རྒྱ་གར་གཞུང་གིས་བོད་མིའི་དཀའ་ངལ་སེལ་ཐབས་ལ་སྲིད་བྱུས་འཆར་བཀོད་གནང་རྒྱུ་ཡིན་པའི་སློབ་སྟོན་གནང་བའི་སྐོར་བོད་མིའི་སྒྲིག་འཛུཌ་ཀྱིས་གནས་ཚུལ་སྤེལ་འདུག
གསར་འགོད་པ་བློ་བཟང་ཡེ་ཤེས།

མཆན། (0)
Share
དྲ་གནས་ཆ་ཚང༌།