སྤུ་རུ་ཝ་ལ་བོད་མིའི་གཞིས་སྒར་བཙུགས་ནས་མི་ལོ་ལྔ་བཅུ་འཁོར་པ།


2019.02.21
སྤུ་རུ་ཝ་ལ་བོད་མིའི་གཞིས་སྒར་བཙུགས་ནས་མི་ལོ་ལྔ་བཅུ་འཁོར་པའི་མཛད་སྒོ། ༢༠༡༩།༢།༢༡ སྤུ་རུ་ཝ་ལ་བོད་མིའི་གཞིས་སྒར་བཙུགས་ནས་མི་ལོ་ལྔ་བཅུ་འཁོར་པའི་མཛད་སྒོ། ༢༠༡༩།༢།༢༡
RFA

རྒྱ་གར་བྱང་ཕྱོགས་སྤུ་རུ་ཝ་ལ་བོད་མིའི་གཞིས་སྒར་གསར་འཛུགས་གནང་ནས་ལོ་ངོ་ལྔ་བཅུ་འཁོར་བ་དང་འབྲེལ་དཔལ་ས་སྐྱ་གོང་མ་ཁྲི་ཆེན་མཆོག་ལ་བརྟན་བཞུགས་འབུལ་འདུག
ཕྱི་ལོ་༢༠༡༩ ལོའི་སྤྱི་ཟླ་༢ ཚེས་༢༡ ཉིན་རྒྱ་གར་སྡེ་ར་ལྡུན་སྤུ་རུ་ཝ་ལ་བོད་མིའི་གཞིས་སྒར་དེ་བཙུགས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་དང་སྦྲགས་དཔལ་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཤིང་། དཔལ་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གིས། བོད་མིའི་གཞིས་སྒར་འདི་གསར་འཛུགས་ཐུབ་པ་ནི་གཙོ་བོ་༧གོང་ས་མཆོག་གི་རླབས་ཆེན་ཐུགས་རྗེ་བཀའ་དྲིན་དང་། དེ་བཞིན་རྒྱ་གར་དབུས་ས་གཉིས་དང་། བོད་མི་རྒན་རབས་པ་ཚོའི་ཐུགས་རྗེའི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བ་ཡིན་དུས་ཁོང་རྣམ་པའི་ཐུགས་རྗེ་བཀའ་དྲིན་སྙིང་བཅང་ཞུ་དགོས་པ་དང་། ལྷག་པར་དུ་འདས་པའི་ལོ་ལྔ་བཅུ་ཉམས་མྱོང་དུ་བྱས་ཏེ་མ་འོངས་པའི་ཆར་ཡང་བོད་པ་སྤྱི་དང་སྒོས་སུ་གཞིས་སྒར་འདིའི་ཤེས་ཡོན་དང་། འཕྲོད་བསྟེན། དཔལ་འབྱོར་སོགས་ཡར་རྒྱས་ཡོང་ཐབས་ལ་འབད་བརྩོན་ལྷོད་མེད་བྱེད་དགོས་པ་བཀའ་གནང་པར་མ་ཟད། བླ་སློབ་ཀྱི་དམ་ཚིག་གཙང་མ་དང་། མི་མང་རྣམས་ཀྱི་བསོད་ནམས་ཀྱི་མཐུ་ལ་བརྟེན་ནས་དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་པོ་རིན་པོ་མཆོག་ཡང་སྐུ་ཚེ་རིང་དུ་བཞུགས་རྒྱུར་ཐུགས་ཡིད་ཆེས་བརྟན་པོ་ཡོད་པ་བཀའ་གནང་འདུག
མཛད་སྒོར་ཕེབས་པའི་དབུས་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་༧གོང་ས་ཁྲི་ཆེན་རིན་པོ་ཆེ་མཆོག་སྐུ་ཚེ་ཡུན་དུ་བརྟན་རྒྱུའི་ཞལ་བཞེས་ལ་དགའ་སྤྲོ་ཆེན་པོས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཅེསདང་། རིན་པོ་ཆེ་ལྟ་བུ་ལ་མཚོན་ན་༧གོང་ས་མཆོག་དང་དམ་ཚིག་གཙང་ཤོས་ཤིག་ཡིན་པ་གསུངས་ཡོད་པ་རེད།
ཐེངས་འདིའི་མཛད་སྒོའི་ཐོག་དཔལ་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་། གོང་མ་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་སོགས་ས་སྐྱའི་ཕུན་ཚོགས་ཕོ་བྲང་དང་སྒྲོལ་མ་ཕོ་བྲང་རྣམ་གཉིས་ཀྱི་གདུང་སྲས་དང་སྐུ་འཁོར་རྣམ་པ། དབུས་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ། དེ་བཞིན་དཔལ་འབྱོར་བཀའ་བློན་གཙོས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ཁྱོན་མི་གྲངས་ལྔ་བརྒྱ་ཙམ་འདུ་འཛོམས་གནང་འདུག
སྤུ་རུ་ཝ་ལ་བོད་མིའི་གཞིས་སྒར་འདི་བཞིན་སྤྱི་ལོ་༡༩༦༩ ལོར་གསར་འཛུགས་ཀྱིས་ཁྲིམས་མཐུན་དེབ་སྐྱེལ་བྱས་པ་དང་། ད་ལྟའི་ཆར་གཞིས་སྒར་ནང་ཁྱིམ་དུད་བརྒྱ་དང་བཞི་བཅུ་ཞེ་ལྔ་ཙམ་ཡོད་ཅིང་། ཡོངས་གྲགས་སུ་སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས་ཞེས་ཀྱང་འབོད་སྲོལ་ཡོད་ལ།  བོད་མིའི་གཞིས་སྒར་དང་། ས་སྐྱ་མ་དགོན་བཅས་མཉམ་དུ་བསྡོམས་ན་མི་གྲངས་བདུན་བརྒྱ་མ་ཟིན་ཙམ་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎