བོད་བརྒྱུད་ནང་བསྟན་རིག་གཞུང་གཅེས་འཛིན་གྱི་ཉིན་མོ།


2013-11-04
Share
ཨུ་རུ་སུའི་རྒྱལ་ས་མོ་སུ་ཁོ་གྲོང་ཁྱེར། ཨུ་རུ་སུའི་རྒྱལ་ས་Moscow
པར། ཝེ་ཁེ་པེ་ཊའེ་ཡ།

ཨུ་རུ་སུའི་རྒྱལ་ས་Moscowནང་རྟེན་གཞི་བྱས་བའི་Avatar བསྟི་གནས་ཁང་དུ་བོད་བརྒྱུད་ནང་བསྟན་རིག་གཞུང་གཅེས་འཛིན་གྱི་ཉིན་མོ་སྲུང་བརྩི་ཞུ་བཞིན་པ་རེད་འདུག

དེ་ཡང་གནས་ཚུལ་ལྟར་ན། ཟླ་བ་འདིའི་ཚེས་༢ ནས་༡༠ བར་ཁུལ་དེར་བོད་བརྒྱུད་ནང་བསྟན་རིག་གཞུང་གཅེས་འཛིན་གྱི་ཉིན་མོ་སྲུང་བརྩི་ཞུ་བཞིན་པའི་ཉིན་དང་པོར་རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་འདུན་པ་བརྒྱད་ཀྱིས་མཛད་སྒོ་དབུ་འཛུགས་གནང་ཡོད་པ་དང༌། དབུ་འབྱེད་མཛད་སྒོའི་སྐབས་ཁུལ་དེར་རྟེན་གཞི་གནང་བའི་སྒོ་མང་གྲྭ་ཚང་གི་ཐེབས་རྩའི་འགན་འཛིན་ལྕམ་ Nataliya Bespalovaཡིས་མཛད་སྒོ་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་བ་དང༌། སྐུ་ཚབ་དོན་གཅོད་ངག་དབང་རབ་རྒྱས་ལགས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་གལ་གནད་སྐོར་དངབོད་ཀྱི་ནང་ཆོས་དང་འབྲེལ་བའི་རིག་གཞུང་དེ་བཞིན་དེང་རབས་ཀྱི་སྤྱི་ཚོགས་གསར་པའི་ནང་འབྲེལ་བ་ཡོད་པ་ཙམ་མ་ཟད། དུས་ཀྱི་དགོས་མཁོ་དང་འཚམ་པའི་ཞབས་འདེགས་རྒྱ་ཆེ་སྒྲུབ་རྒྱུའི་ནུས་པ་ཡོད་པར་བརྟེན་འཛམ་གླིང་གི་གཅེས་ནོར་ཞིག་ལ་ངོས་འཛིན་བྱེད་ཆོག་རྒྱུ་ཡིན་སྐོར་གསུངས་འདུག དེ་བཞིན་སྐུ་ཚབ་དོན་གཅོད་མཆོག་གིས་ལྷག་པར་དུ་་ Buryatia Kalmykia, Tuva གསུམ་ནི་དུས་རབས་ ༡༧ ཙམ་ནས་བོད་དང་ཆོས་ཕྱོགས་ཀྱི་འབྲེལ་བ་ཧ་ཅང་ཆེན་པོ་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་འདུག།     དམིགས་བསལ་སྐུ་མགྲོན་བོད་ཀྱི་ཐང་བྲིས་ཐོག་མཁས་པ་སྐུ་ཞབས་Alexander Kocharov ཡིས་བོད་ཀྱི་ཐང་བྲིས་སྒྱུ་རྩལ་གྱི་ཁྱད་ཆོས་དང་མཛེས་ཆོས་སོགས་སྐོར་གསུངས་འདུག  ཉིན་༩རིང་བོད་བརྒྱུད་ནང་བསྟན་གྱི་རིག་གཞུང་དང་འབྲེལ་བའི་ཆོ་ག་རྡུལ་མཚོན་དཀྱིལ་འཁོར་དང་བོད་སྨན་བསྟེན་གཏུགས་ཀྱི་གོ་སྐབས་དང༌། ནང་ཆོས་ངོ་སྤྲོད་སོགས་གནང་རྒྱུ་ཡིན་པ་རེད།

གསར་འགོད་པ། རིག་ལྡན་སྒྲོལ་མ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།