རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་གཤེགས་པར་བོད་མི་ཚོས་བསྔོ་སྨོན་གནང་འདུག


2018.08.28
རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་གཤེགས་པར་བོད་མི་ཚོས་བསྔོ་སྨོན་གནང་བཞིན་པ། ༢༠༡༨།༨།༢༨ རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་གཤེགས་པར་བོད་མི་ཚོས་བསྔོ་སྨོན་གནང་བཞིན་པ། ༢༠༡༨།༨།༢༨
སངས་རྒྱས་རྒྱ་མཚོ།/RFA

རྒྱ་གར་གྱི་སྲིད་བློན་ཟུར་པ(Atal Vajpayee)མཆོག་སྐུ་གཤེགས་པའི་མཆོད་འབུལ་སྨོན་ལམ་གྱི་མཛད་སྒོའི་ཐོག་བོད་མི་མང་པོ་མཉམ་ཞུགས་གནང་འདུག
རྒྱ་གར་གྱི་སྲིད་བློན་ཟུར་པ་(Atal Vajpayee)མཆོག་ཕྱི་ཟླ་ ༨ ཚེས་ ༢༣ ཉིན་སྐུ་གཤེགས་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་སོགས་ནས་ཁོང་གི་རྗེས་དྲན་ཆེད་འཚམས་འཕྲིན་སྩལ་ཡོད་ལ།  ཕྱི་ཟླ་ ༨ ཚེས་ ༢༨ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་བོད་མི་ཚོས་མཆོད་འབུལ་སྨོན་ལམ་གནང་སྐབས་བོད་མི་བདུན་བརྒྱ་ལྷག་མཉམ་ཞུགས་གནང་ནས་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེད་ཞུས་འདུག  མཆོད་འབུལ་སྨོན་ལམ་དེ་བཞིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། ཧི་མ་ལ་ཡའི་ནང་པའི་རིག་གཞུང་ལྷན་ཚོགས། ལྡི་ལི་ཁུལ་གནས་སྡོད་གནང་མཁན་བོད་རིགས་ཐོུང་ནས་གོ་བསྒྲིགས་ཞུས་པ་ཞིག་ཡིན་འདུག
སྐུ་གཤེགས་སྲིད་བློན་ཟུར་པ་(Vajpayee) མཆོག་ནི་རྒྱ་ནག་གིས་བོད་དབང་བསྒྱུར་བྱས་སྐབས་ནས་བཟུང་བོད་དོན་ཐད་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་རེད།  

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎