བོད་འཛམ་གླིང་གིས་གདོང་ལེན་བྱེད་དགོས་པའི་གནད་དོན།

བོད་ནང་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་ནི་འཛམ་གླིང་གིས་གདོང་ལེན་བྱེད་དགོས་པའི་གནད་དོན་ཞིག་ཡིན་པ་དང་བོད་ནང་དཀའ་སྡུག་ཡོད་ལུཊ་ཨ་རིའི་གྲོས་ཚོཊ་ཀྱི་ཚོཊ་གཙོ་ཟུར་བས་གསུངས་འདུག
2012-11-14
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

Nancy Pelosi

དེ་ཡང་བོད་དོན་བདེན་པའི་མེ་ལྕེ་བསྐོར་སྐྱོད་ཀྱི་ལས་འགུལ་ཨ་རིའི་གྲོང་ཁྱེར་ཁག་ཉི་ཤུ་རྩ་གཅིག་ནང་ལེགས་གྲུབ་བྱུང་རྗེས་ཕྱི་ཟླ་༡༡་པའི་ཚེས་༡༠་ཉིན་Sans Francisco རུ་མཇུག་བསྒྲིལ་གནང་སྐབས་ཨ་རིའི་གྲོས་ཚོགས་ཚོགས་གཙོ་ཟུར་པ་ལྕམ་Nancy Pelosi མཆོག་གིས་གསུང་འཕྲིན་ཞིག་གནང་བའི་ནང་། བདེན་པའི་མེ་ལྕེ་བསྐོར་སྐྱོད་ལས་འགུལ་མཇུག་བསྡོམས་གྲོང་ཁྱེར་San Francisco རུ་གནང་བར་བློ་སྤོབས་སྐྱེ་གཞིར་གྱུར་སོང་།         གོ་ལ་ཡོངས་ལ་བདེན་པའི་མེ་ལྕེ་བསྐོར་སྐྱོད་གནང་བས་བོད་ནང་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་ནི།     འཛམ་གླིང་གིས་གདོང་ལེན་བྱེད་དགོས་པའི་གནད་དོན་ཞིག་ཡིན་པ་དང༌།       རྒྱ་ནག་གཞུང་གི་དབང་བསྒྱུར་འོག་བོད་མི་རྣམས་མི་ལོ་བཅུ་ཕྲག་མང་པོའི་རིང་གདུག་རྩུབ་མནར་གཅོད་མྱངས་དང་མྱོང་བཞིན་པའི་དངོས་འབྲེལ་དཀའ་སྡུག་ཡོད་། ངོས་རང་ཨ་རིའི་གྲོས་ཚོགས་འོག་མའི་ནང་འཐུས་མི་ལོ་ངོ་ཉི་ཤུ་རྩ་ལྔ་གནང་བའི་རིང་བོད་ཀྱི་གནད་དོན་དེ་གལ་གནད་དང་པོར་འཇོག་གི་ཡོད།      འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལས་དོན་ཤུགས་ཆེར་གནང་མཁན་གྱི་གྲོང་ཁྱེར་ཞིག་གི་གྲོས་ཚོགས་འཐུས་མི་ཡིན་པར་སྤོབས་པ་ཆེན་པོ་ཡོད།   ཡང་San Francisco Bay ས་ཁུལ་འདིའི་ནང་ཨ་རིའི་ནང་གནས་སྡོད་བོད་རིགས་གསུམ་ཆ་གཅིག་ཡོད་པ་ཚང་མ་བོད་ནང་གི་བོད་མི་རིགས་ལ་གདུང་སེམས་མཉམ་སྐྱེད་ཡོད་ཅེས་དང་།

བོད་མི་རྣམས་ལ་མི་ལོ་བཅུ་ཕྲག་མང་པོའི་རིང་གདུག་རྩུབ་མནར་གཅོད་འོག་དངོས་འབྲེལ་དཀའ་སྡུག་ཡོད་པ་དང༌།     བོད་མི་རྣམས་རང་གི་ཡུལ་དུ་དཔལ་འབྱོར་འཕེལ་རྒྱས་ཐོབ་ཐང་མེད་པར་ཟུར་འབུད་བཏང་བ་དང་།        ཞི་བའི་ཐོག་ནས་རང་ཉིད་ཀྱི་ཆབ་སྲིད་ལྟ་བ་སྨྲ་བརྗོད་བྱས་པར་བཙོན་འཇུག་བྱེད་པ།

ཆབ་སྲིད་སློབ་གསོའི་གདུག་སྦྱོང་མྱོང་དགོས་པ།    ༧གོང་ས་ཏྭ་ལའི་བླ་མ་མཆོག་ལ་ཡོངས་གྲགས་སྐྱོན་བརྗོད་བྱེད་དགོས་པ་སོགས་བཙན་འགེལ་བྱེད་ཀྱི་ཡོད་པ་རེད་ཅེས་དང་།   ཨ་མེ་རི་ཁའི་ནང་རང་དབང་དང་། འདྲ་མཉམ།       འགྲོ་བ་མིའི་ཐོབ་ཐང་བཅས་པའི་རྨང་གཞི་བརྟན་པོ་ཡོད་སྟབས།   ཕྱི་ནང་གཉིས་སུ་དེ་ལྟའི་རིན་ཐང་རྣམས་སྲུང་སྐྱོབ་བྱས་ཏེ་གོང་འཕེལ་གཏོང་རྒྱུའི་དམིགས་བསལ་འགན་ཁུར་ཡོད་ཅེས་ཨ་རིའི་གྲོས་ཚོགས་ཚོགས་གཙོ་ཟུར་པ་ལྕམ་Nancy Pelosi མཆོག་གི་གསུང་འཕྲིན་གནང་བཀོད་ཡོད་པ་རེད།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།
དྲ་གནས་ཆ་ཚང༌།