ཡོ་རོབ་ནང་བོད་དོན་ཞུ་གཏུག་དང་པཎ་ཆེན་རིན་པོ་ཆེའི་གནད་དོན་ཞུ་གཏུག་གནང་བཞིན་འདུག

2022.07.19
ཡོ་རོབ་ནང་བོད་དོན་ཞུ་གཏུག་དང་པཎ་ཆེན་རིན་པོ་ཆེའི་གནད་དོན་ཞུ་གཏུག་གནང་བཞིན་འདུག ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་གཞོན་པར་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་གནང་སྐབས། ༠༧།༡༥།༢༠༢༢
CTA

དེ་ཡང་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བོད་དོན་ཞུ་གཏུག་ཚན་པའི་འགན་འཛིན་འབྲུག་བསྟན་སྐྱིད་ལགས་གཉིས་ཀྱིས་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ནང་། བོད་མི་ཚོར་བཀའ་ཤག་སྐབས་བཅུ་དྲུག་པའི་ལས་གཞི་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ངོ་སྤྲོད་དང་། ཡུལ་གྲུ་དེ་དག་གི་གནད་ཡོད་མི་སྣ་ཚོར་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་དང་། རྒྱ་ནག་གཞུང་གིས་བཙན་ཁྲིད་རྗེས་གར་སོང་ཆ་མེད་དུ་གྱུར་བའི་པཎ་ཆེན་རིན་པོ་ཆེའི་གནད་དོན་སྐོར་ངོ་སྤྲོད་གནང་བཞིན་པ་ལྟར། ཉེ་ལམ་ཁོང་རྣམ་པ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་གཞོན་པ་སྐུ་ཞབས་ཨི་ཝན་བྷར་ཊོ་སི་(H.E. Ivan Bartos)་མཆོག་དང་མཇལ་འཕྲད་ཀྱིས་སྤྱི་ནོར་༧གོང་ས་མཆོག་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་འདས་པོ་དམ་པ་སྐུ་ཞབས་ཝག་ལེབ་ཧ་ཝེལ་(Vaclav Havel)་མཆོག་བར་དམིགས་བསལ་གྱི་འབྲེལ་བ་གཏིང་ཟབ་ཡོད་པ་དྲན་གསོ་དང་། བོད་དོན་ཅེད་ཞུ་ཡིག་དོན་ཚན་ལྔ་ཅན་ཞིག་ཕུལ་ཡོད་པ་དང་། ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་དང་མཇལ་འཕྲད་ཀྱིས་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་སྐོར་ངོ་སྤྲོད་ཞུ་གཏུག་གནང་ཡོད་པ་རེད།
དེ་ལྟར་འདི་ཚེས་༡༨ཉིན་གཟིག་རྒྱབ་རིན་པོ་ཆེ་དབྱིན་ཇིའི་རྒྱལ་ས་ལོན་ཊོན་དུ་འབྱོར་ནས་བོད་དོན་དང་པཎ་ཆེན་རིན་པོ་ཆེའི་གནད་དོན་ཞུ་གཏུག་དབུ་འཛུགས་གནང་འདུག
བཀའ་ཤག་སྐབས་བཅུ་དྲུག་པའི་ལས་གཞི་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་དེ་བཞིན། འཛམ་གླིང་གང་སར་གནས་པའི་གཞོན་སྐྱེས་གཙོ་གྱུར་བོད་མི་རྣམས་ཀྱིས་སོ་སོའི་ས་གནས་ཀྱི་སྲིད་གཞུང་དང་། གྲོས་ཚོགས་འཐུས་མི་སོགས་ལ་བོད་ཀྱི་གནད་དོན་ཞུ་གཏུག་གིས་རྒྱལ་སྤྱིའི་སྟེང་སྔར་ཡོད་བོད་དོན་ཞུ་གཏུག་གི་ལས་གཞི་ཚགས་ཚུད་གཏོང་རྒྱུ་ཡིན་པ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བར་སྤེལ་འདུག

གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་བལ་ཡུལ་ནང་ཡོང་རྒྱུ་བལ་ཡུལ་གྱིས་ངོས་ལེན་བྱས་མེད་པ་བལ་ཡུལ་གྱི་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དགེ་བཤེས་རྭ་ཆུང་དགེ་འདུན་ལགས་བཙོན་འཇུག་གི་དུས་ཡུན་ཚང་སྟེ་གློད་གྲོལ་ཐོབ་ཡོད་ནའང་། ཁོང་བཙོན་གྲོལ་མ་ཐོབ་སྔོན་ཨ་མ་འདས་གྲོངས་སུ་གྱུར་ཏེ་མ་བུ་ཐུག་འཕྲད་ཐུབ་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎