ཨཕཱ་ག་ནིསི་ཐན་ནང་བཱི་བཱི་སིའི་གསར་འགོད་པ་ཞིག་རྐྱེན་ལམ་བཏང་བ།

ཨཕཱ་ག་ནིསི་ཐན་ནང་དབྱིན་ཡུལ་གྱི་བཱི་བཱི་སི་གསར་ལས་ཁང་གི་གསར་འགོད་པ་ཨཕཱ་གན་མི་རིགས་ཤིག་རྐྱེན་ལམ་བཏང་འདུག

2008-06-08
Share

༄༅༎ཨཕཱ་ག་ནིསི་ཐན་ནང་དབྱིན་ཡུལ་གྱི་བཱི་བཱི་སི་གསར་ལས་ཁང་གི་གསར་འགོད་པ་ཞིག་རྐྱེན་ལམ་བཏང་འདུག

བཱི་བཱི་སི་གསར་ལས་ཁང་གི་གསར་འགོད་པ་ ཨཕཱ་ག་ནིསི་ཐན་གྱི་ཡུལ་མི་ཡིན་པ་ཞིག་རེས་གཟའ་སྤེན་པའི་ཉིན་ལྷོ་ཕྱོགས་ཀྱི་ཞིང་ཆེན་ ཧེལ་མནཌི་ ནང་གོ་མཚོན་ལག་ཆ་ཐོགས་པའི་མི་སྣས་བཙན་འཀྲིད་བྱས་ནས་རེས་གཟའ་ཉི་མའི་ཉིན་ལྐོག་བསད་བྱས་ཡོད་ལུགས་ ཡུལ་དེའི་རང་དབང་ཅན་གྱི་གསར་འགོད་ལྷན་ཚོགས་ཀྱིས་ཡིད་སྐྱོའི་གནས་ཚུལ་སྤེལ་ཡོད་པ་ཕཱ་རན་སིའི་གསར་ལས་ཁང་གིས་ལུང་འདྲེན་བྱས་འདུག ཨཕཱ་ག་ནིསི་ཐན་གྱི་ཡུལ་སྐད་ རྡ་རི་དང་པཤེ་ཊུ་ གཉིས་ཐོག་གསར་འགྱུར་སྤེལ་མཁན་གསར་འགོད་པ་མི་འདོན་མེད་པ་ཞིག་ཏ་ལི་བཱན་གྱེན་ལོག་པས་རྐྱེན་དུ་བཏང་ཡོད་ལུགས་བཱི་བཱི་སི་གསར་ལས་ཁང་གིས་ངོས་ལེན་གནང་འདུག ཡུལ་དེར་གསར་འགོད་པ་མང་པོར་དྲག་རྒོལ་ཐེངས་མང་བྱས་ཡོད་ཀྱང་ཕྱི་ལོ་༢༠༠༨ལོར་གསར་འགོད་པ་བསད་པ་དང་པོ་ཡིན་འདུག ཕྱི་ལོ་༢༠༠༧ལོར་ཡུལ་དེར་གསར་འགོད་པ་ལྔ་རྐྱེན་ལམ་དུ་བཏང་ཡོད་པ་མ་ཟད་ བེུད་བརྙན་འཕྲིན་པ་ཞིག་དང་རླུང་འཕྲིན་ལས་བྱེད་པ་གཅིག་བཅས་གཉིས་དེ་ལོ་རྐྱེན་ལམ་བཏང་ཡོད་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།