བལ་ཡུལ་གྲོང་གསེབ་ཁག་ཏུ་ད་དུང་ཡང་རོགས་རམ་འབྱོར་མེད་པ།

2015-05-02
གློག་འཕྲིན།
མཆན།
Share
པར་བཀོད།
ཟླ་འདིའི་ཕྱི་ཚེས་༥ཉིན་རྒྱ་གར་གྱི་ཐད་འཕུར་གནམ་གྲུ་བལ་ཡུལ་གོར་ཁ་རྫོང་དུ་རོགས་རམ་ཆེད་འབྱོར་ཡོད་པ།
ཟླ་འདིའི་ཕྱི་ཚེས་༥ཉིན་རྒྱ་གར་གྱི་ཐད་འཕུར་གནམ་གྲུ་བལ་ཡུལ་གོར་ཁ་རྫོང་དུ་རོགས་རམ་ཆེད་འབྱོར་ཡོད་པ།
ཨེ་ཨེཕ་པི།

༄༅༎བལ་ཡུལ་ནང་ས་ཡོམ་ཤུགས་ཆེ་བརྒྱབ་ནས་མི་རྒྱུ་གཉིས་ལ་གོད་ཆག་ཆེན་པོ་ཕོག་ནས་བདུན་ཕྲག་གཅིག་འགྲོ་གི་ཡོད་ཀྱང་། ད་དུང་ཡང་ས་ཡོམ་གྱི་གོད་ཆག་ཕོག་པའི་མཐའ་མཚམས་གྲོང་གསེབ་ཁག་ཏུ་གནས་པའི་མི་མང་ལ་རྒྱལ་སྤྱིའི་རོགས་རམ་མཁོ་སྤྲོད་བྱེད་ཐུབ་ཀྱི་མེད་སྟབས། རྒྱལ་སྤྱིའི་རོགས་སྐྱོར་ཚོགས་པའི་མི་སྣ་ཞིག་གིས་མཐའ་མཚམས་སུ་གནས་པའི་གྲོང་གསེབ་ཁག་ལ་རོགས་སྐྱོར་བྱེད་ཐུབ་ཐབས་སུ་Helicopters འམ་ཐད་འཕུར་གནམ་གྲུ་མང་ཙམ་དགོས་པའི་སྐོར་གསུངས་འདུག ས་ཡོམ་གྱིས་རྐྱེན་པས་ས་རུད་བརྒྱབ་ནས་རི་ཁྲོད་ཀྱི་འགྲོ་ལམ་ཕལ་ཆེ་བ་འགག་ཡོད་སྟབས་གྲོང་གསེབ་ཁག་ཏུ་འགྲོ་རྒྱུ་ཧ་ཅང་ཁག་པོ་ཆགས་ཡོད་འདུག རྒྱལ་སྤྱིའི་ཟ་འབྲུ་ལས་ཁང་གི་གཙོ་འཛིན་Ertharin Cousin ཞུ་བས་ང་ཚོར་ངེས་པར་དུ་ཐད་འཕུར་གནམ་གྲུ་མང་ཙམ་དགོས་ཀྱི་འདུག བལ་ཡུལ་ནི་རྒྱལ་སྤྱིའི་ནང་ནས་རྒྱལ་ཁབ་སྐྱོ་ཤོས་ཤིག་ཡིན་སྟབས་ཁོང་རྣམས་ཀྱི་མི་ཚེ་རྒྱུན་ལྡན་ཞིག་བཟོ་ཐབས་སུ། རྒྱལ་སྤྱིའི་མི་མང་གི་རོགས་རམ་ངེས་པར་དུ་དགོས་པ་རེད་ཅེས་གསུངས་བཞག ཁོང་ད་ལྟ་བལ་ཡུལ་གྱི་གོར་ཀ་རྫོང་གི་Majuwa ཞེས་པའི་གྲོང་གསེབ་ནང་བཞུགས་ཡོད་པ་དང་། གྲོང་གསེབ་དེ་ནས་རི་ཁྲོད་དང་མཐའ་མཚམས་གྲོང་གསེབ་ཁག་ཏུ་རྒྱལ་སྤྱིའི་རོགས་རམ་བགོས་འགྲེམས་བྱེད་ཀྱི་ཡོད་ཀྱང་། འགྲོ་ལམ་མེད་པ་དང་ཐད་འཕུར་གནམ་གྲུ་ཉུང་བའི་ཆ་ནས་གྲོང་གསེབ་མང་པོ་ཞིག་ནང་རོགས་རམ་མཁོ་སྤྲོད་བྱེད་ཐུབ་ཀྱི་མེད་པ་རེད། དེ་བཞིན་ལྕམ་Cousin ལགས་ཀྱིས་གྲོང་གསེབ་ཁག་ཏུ་ཁང་པ་ཆིག་འབུམ་གསུམ་ཁྲི་ལྷག་རྩ་མེད་དུ་གྱུར་ཡོད་སྟབས། ད་ལྟའི་འཆར་དགོས་གལ་ཆེ་ཤོས་ནི་ཟ་འབྲུ་ལས་ཁང་པའི་དགོས་གནས་ཆེ་བ་འདུག་ཅེས་གསུངས་བཞག བལ་ཡུལ་གྱི་དྲིལ་བསྒྲགས་བློན་ཆེན་Minendra Rijal མཆོག་གིས་སྡོད་གནས་མེད་པའི་མི་མང་གཉིས་ཁྲི་དགུ་སྟོང་ཙམ་ལ་གུར་སྤྲད་ཟིན་ཀྱང་ད་དུང་གུར་འབུམ་བཞི་ཙམ་དགོས་ཀྱི་འདུག་ཅེས་གསུངས་བཞག
བལ་ཡུལ་རྒྱལ་སའི་ནང་རིམ་བཞིན་རྒྱུན་ལྡན་བཞིན་ཆགས་བཞིན་ཡོད་ཀྱང་Sindhupalchok རྫོང་སོགས་ཀྱི་གྲོང་གསེབ་ནང་ད་དུང་རྒྱལ་སྤྱིའི་རོགས་རམ་སླེབས་མ་ཐུབ་པ་དེར་མི་མང་རྣམས་ཁོང་ཁྲོ་དང་བློ་ཕམ་བྱེད་ཀྱི་ཡོད་འདུག Pauwathok ཞེས་པའི་གྲོང་གསེབ་ཀྱི་མི་རྒན་ལོ་ན་༧༡སོན་པ་ཞིག་གིས་ ད་བར་ང་ཚོའི་སར་གཞུང་དང་ཉེན་རྟོག་པ་ རྒྱལ་སྤྱིའི་རོགས་ཚོགས་སོགས་སུ་ཞིག་ཀྱང་སླེབས་མ་སོང་ཞེས་ཨེ་པི་གསར་འགྱུར་ལས་ཁང་ལ་བཤད་འདུག།

འགར་འགོད་པ་ཚེ་དབང་དངོས་གྲུབ།

ཟླ་འདིའི་ཕྱི་ཚེས་༡ཉིན། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་བལ་ཡུལ་ནང་ས་ཡོམ་གྱི་གོད་ཆག་འོག་འདས་གསོན་ཡོངས་ཀྱི་ཆེད་དུ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པའི་སྐོར། འདི་གའི་གསར་འགོད་པ་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎

གསར་འགོད་པ་བསྟན་འཛིན་བདེ་སྐྱིད།

མཆན། (0)
Share
དྲ་གནས་ཆ་ཚང༌།