ཨ་ལྕེ་ནག་མོའི་བོད་ཀྱི་དཔེ་གསར་གྱོན་ཆས་འགྲེམས་སྟོན་བྱས་འདུག


2017.03.30
ཨ་ལྕེ་ནག་མོའི་བོད་ཀྱི་དཔེ་གསར་གྱོན་ཆས་པེ་ཅིང་དུ་འགྲེམས་སྟོན་སྐབས། ༢༠༡༧།༣།༣༠ ཨ་ལྕེ་ནག་མོའི་བོད་ཀྱི་དཔེ་གསར་གྱོན་ཆས་པེ་ཅིང་དུ་འགྲེམས་སྟོན་སྐབས། ༢༠༡༧།༣།༣༠
xinhua

ཨ་ལྕེ་ནག་མོས་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་བོད་ཀྱི་དཔེ་གསར་གྱོན་ཆས་འགྲེམས་སྟོན་བྱས་པར་མང་པོས་དགའ་བསུ་ཐོབ་འདུག
དེ་ཡང་Daily Mail ཞེས་པས་ཕེརན་སི་གསར་ལས་ཁང་གིས་སྤེལ་བའི་གནས་ཚུལ་ལུང་འདྲེན་བྱས་པར་གཞིགས་ན། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཚོགས་བཞིན་པའི་རྒྱ་ནག་གི་དཔེ་གསར་གྱོན་ཆས་ཀྱི་འགྲེམས་སྟོན་ནང་བོད་ནང་གི་དཔེ་གསར་གྱོན་ཆས་བཟོ་བཀོད་བྱ་མཁན་ཨ་ལྕེ་ནག་མོ་ཞུ་བས་བཟོ་བཀོད་བྱས་པའི་དཔེ་གསར་གྱི་ཁྱད་ཆོས་ལྡན་པའི་བོད་ཀྱི་སྲོལ་རྒྱུན་ཆ་ལུགས་ཀྱི་འགྲེམས་སྟོན་བྱས་འདུག་ཅིང་། འདི་ནི་བོད་མི་ཞིག་གིས་བོད་ཀྱི་དཔེ་གསར་གྱི་ཚད་མཐོའི་འགྲེམ་སྟོན་འདིའི་ཐོག་ངོམས་སྟོན་བྱས་པ་ཐེངས་མ་དང་པོ་དེ་ཡིན་འདུག
ཨ་ལྕེ་ནག་མོ་ཞུ་བ་ཁོང་ཐོག་མར་ཟི་ཁྲོན་ཞིང་ཆེན་ནང་གླུ་གཞས་ཀྱི་ཐོག་ནས་གྲགས་པ་ཐོབ་འདུག་པ་དང་། རྗེས་སུ་ཚོང་རྟགས་ཨ་ལྕེ་ནག་མོ་ཞེས་པའི་མིང་ཐོག་ནས་དཔེ་གསར་གྱོན་ཆས་བཟོ་བཀོད་དང་ཚོང་འགྲེམས་གནང་སྟེ། ད་ལྟ་ཁོང་ལ་ཨ་ལྕེ་ནག་མོ་ཞེས་ཡོངས་གྲགས་སུ་འབོད་ཀྱི་ཡོད་འདུག
དཔེ་གསར་གྱོན་ཆས་ཀྱི་དུས་སྟོན་འདི་བཞིན་པེ་ཅིང་གནམ་སྡེ་སྒོ་མོ་ཆེའི་ཉེ་འགྲམ་དུ་ཡོད་པའི་མི་མང་ཚོགས་ཁང་ཆེན་མོའི་ཉེ་འཁྲིས་སུ་ཚོགས་བཞིན་ཡོད་པ་དང་། ཚེས་༢༩་ཉིན་འགྲེམས་སྟོན་ཐོག་གྱོན་ཆས་དྲིལ་བསྒྲགས་བྱ་མཁན་བོད་རིགས་དང་རྒྱ་རིགས་ཁག་གཅིག་གིས་ཨ་ལྕེ་ནག་མོས་བཟོ་བཀོད་བྱས་པའི་བོད་ཀྱི་སྲོལ་རྒྱུན་ཆ་ལུགས་ཡིན་པ་གང་ཞིག་ལ་དེང་དུས་ཀྱི་དཔེ་གསར་རྣམ་པ་ཡོད་པའི་གྱོན་ཆས་འགྲེམས་སྟོན་བྱས་འདུག
བོད་ཀྱི་ཆ་ལུགས་འགྲེམས་སྟོན་ཟིན་པའི་རྗེས་ཨ་ལྕེ་ནག་མོས་ལྡིང་ཆའི་སྟེང་གུས་འདུད་ཞུས་པའི་སྐབས། གཟིགས་མོ་བ་ཚོས་བསྔགས་བརྗོད་ཆེན་པོས་དགའ་བསུ་དང་འབྲེལ་ཁོང་ལ་མཇལ་དར་སྒྲོན་སྐབས་ཨ་ལྕེ་ནག་མོར་སེམས་འགུལ་ཤུགས་ཆེ་ཐེབས་འདུག་ལ་བོད་ནང་རིག་རྩལ་ཅན་གྱི་དཔེ་གསར་གྱོན་ཆས་བཟོ་བཀོད་པ་མང་པོ་ཡོད་ཀྱང་བོད་མི་ཚོར་རིག་རྩལ་འགྲེམས་སྟོན་བྱ་སའི་གླེང་སྟེགས་ཀྱི་གོ་སྐབས་མེད་པ་རེད་ཅེས་ཧྥརན་སིའི་གསར་ལས་ཁང་ལ་གསུངས་འདུག།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་བོད་མི་འཐབ་རྒོལ་བ་ཚོར་སྦྱོང་བརྡར་སྤྲད་པའི་གནས་ཚུལ་གསར་པ་ཁག་ཅིག་ཤེས་རྟོགས་བྱུང་བ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིས་གདོད་མའི་མི་རིགས་ལ་དགོངས་སེལ་ཞུ་བཞིན་པའི་སྐབས་རྒྱ་ནག་གཞུང་གིས་སྟོབས་ཤུགས་ཡོད་ཚད་ཀྱིས་བོད་མི་རིགས་རྩ་མེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་ནི་ངོ་ཚ་དགོས་པ་ཞིག་ཡིན་ཞེས། ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎