རྒྱ་གར་གཞུང་གིས་ནང་པའི་དགོན་སྡེ་ཁག་གིས་དོགས་གཟོན་གནང་རྒྱུའི་ཉེན་བརྡ།

2019-05-17
གློག་འཕྲིན།
མཆན།
Share
པར་བཀོད།
ཉེན་བརྡའི་ཡིག་ཆ།
ཉེན་བརྡའི་ཡིག་ཆ།
Photo: RFA

རྒྱ་གར་དབུས་གསང་བའི་ལས་ཁུངས་གྱིས་ནུབ་བྷེང་གྷལ་ཁུལ་དུ་བོད་ཚེས་༡༥་ཉིན་འཇིགས་སྐུལ་རིགས་འབྱུང་སྲིད་པས་ནང་པའི་དགོན་སྡེ་ཁག་གིས་དོགས་གཟོན་དགོས་བའི་ཉེན་བརྡ་བཏང་འདུག
རྒྱ་གར་དབུས་གསང་བའི་ལས་ཁུངས་ནས་ནུབ་བྷེང་གྷལ་ཁུལ་དུ་བོད་ཚེས་ ༡༥ ་སངས་རྒྱས་ཀྱི་དུས་ཆེན་གསུམ་འཛོམས་ཀྱི་ཉིན་མོར། བུད་མེད་རང་ཤིའི་འཇིགས་སྐུལ་པས་ནང་པའི་དགོན་སྡེ་ཁག་ལ་དམིགས་ཏེ་འབར་རྫས་ཀྱི་དོན་རྐྱེན་སྤེལ་སྲིད་པའི་ཉེན་ཁ་ཡོད་པ་བརྗོད་འདུག
འདི་ལོ་ནུབ་བྷེང་གྷལ་ཁུལ་དུ་ཡོད་པའི་ནང་པའི་དགོན་སྡེ་ཁག་དང་། ལྷག་པར་དུ་ཕྱི་ཟླ་ ༥ ཚེས་ ༡༨ བོད་ཟླ་ ༣ ཚེས་༡༥ ཉིན་ཁུལ་དེའི་ནང་གི་ནང་པ་ཚོས་ཆོས་འབྲེལ་གྱི་འདུ་འཛོམས་དང་ཆོས་བསྐོར་སོགས་ཀྱི་ལས་འགུལ་སྤེལ་སྐབས། བྷེང་ལ་ལྡེ་ཤི་ཇ་མཱཏ་ཨུལ་མུ་ཇཧཱ་དྷིན་(Bangladeshi Jamaat-Ul-Mujahidin)ཞེས་པའི་འཇིགས་སྐུལ་རིང་ལུགས་ཚོགས་པས། བུད་མེད་རང་ཤིའི་འཇིགས་སྐུལ་བེད་སྤྱོད་ཀྱིས་འབར་རྫས་གས་གཏོར་བྱེས་སྲིད་པ་རྒྱ་གར་གྱི་གསང་བའི་ལས་ཁུངས་ཁག་གིས་ཉེན་བརྡ་བཏང་པ་དང་། ཁུལ་དེའི་ནང་གི་དགོན་སྡེ་ཁག་གིས་དེ་མཚུངས་དོགས་ཟོན་བྱེད་དགོས་པ་བརྗོད་འདུག
གནས་དོན་དེ་དང་འབྲེལ་བའི་སྐོར་ནུབ་བྷེང་གྷལ་གྱི་གྲོང་ཁྱེར་ས་ལུ་སྒ་རར་གནས་སྡོད་ཧི་མ་ལ་ཡའི་ནང་པའི་རིག་གཞུང་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ལྷུན་གྲུབ་བླ་མ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ།  ཉེ་ཆར་ས་གནས་ཉེན་རྟོག་ལས་ཁུངས་དང་གསང་པའི་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་མང་པོ་ཞིག་ས་ལུ་གྷ་རེའི་ནང་གི་ནང་པའི་དགོན་སྡེ་ཁག་ཏུ་ཡོང་ནས་འདི་ལོར་འཇིགས་སྐུལ་རིང་ལུགས་ཚོགས་པས་ནང་པའི་དགོན་སྡེ་ཁག་ལ་དམིགས་སྟེ་འབར་རྫས་དོན་རྐྱེན་རིགས་སྤེལ་རྒྱུའི་ཉེན་ཁ་ཡོད་པས་ཚོགས་པ་དང་། མི་སྒེར་ཚང་མས་དོ་སྣང་གཟབ་ནན་དགོས་པའི་གསལ་བསྒྲགས་དང་བཀོད་ཁྱབ་བཏང་ཡོད་པ་གསུངས་ཡོད་པ་རེད།
དེ་བཞིན་རྒྱ་གར་བྱང་ཤར་རྡོ་རྗེ་གླིང་ཁུལ་དུ་ཡོད་པའི་ནང་པའི་དགོན་སྡེ་ཁག་དུ་ཡང་འབྲེལ་ཡོད་ས་གནས་ཉེན་རྟོག་པ་དང་། སྐོར་སྲུང་དམག་མི་སོགས་ཀྱིས་ཚང་མས་དོ་སྣང་གཟབ་ནན་དགོས་པའི་བཀོད་ཁྱབ་དང་། གལ་སྲིད་འབར་རྫས་ཀྱི་དོན་རྐྱེན་རིགས་དང་དོགས་གཞི་ཅན་གྱི་མི་སྣའི་རིགས་མཐོང་ཚེ་ཐད་ཀར་འབྲེལ་ཡོད་ལས་ཁུངས་ཀྱི་ཁ་པར་ཨང་གྲངས་ཐོག་འབྲེལ་བ་བྱེད་དགོས་པའི་ལམ་སྟོན་བྱུང་ཡོད་པ་རྡོ་རྗེ་གླིང་སྒུམ་ས་སྐྱ་དགོན་པའི་སློབ་སྤྱི་འཇམ་དབྱངས་ཆོས་བཟང་ལགས་ཀྱིས་འགྲེོལ་བརྗོད་གནང་འདུག
རྒྱ་གར་བྱང་ཤར་ནུབ་བྷེང་གྷལ་ཁུལ་དུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པའི་མི་རིགས་ཁག་འདྲ་མིན་གྱི་དགོན་སྡེ་ཆེ་ཆུང་ཁྱོན་སྡོམ་ ༢༠༠༠་ལྷག་དང་བོད་པའི་དགོན་སྡེ་ཁག་༡༠༠ ལྷག་ཡོད་པ་རེད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།