ཨ་ལའེ་ལགས་སུ་རྒྱ་ནག་གི་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་འདུག


2018.08.14
བརྩམས་སྒྲུང་རྩོམ་པ་པོ་ཨ་ལའེ། བརྩམས་སྒྲུང་རྩོམ་པ་པོ་ཨ་ལའེ།
tibetcul.com

བོད་ཀྱི་བརྩམས་སྒྲུང་རྩོམ་པ་པོ་གྲགས་ཅན་ཨ་ལའེ་ལགས་སུ་རྒྱ་ནག་གི་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་ཡོད་འདུག
རྒྱ་ནག་གི་ལུའུ་ཞུན་རྩོམ་རིག་བྱ་དགའ་དཔྱད་འདེམས་ཁང་གིས་སྐབས་༧ པའི་ལུའུ་ཞུན་བྱ་དགའ་ཐོབ་མཁན་གྱི་མིང་གཞུང་ཕྱིར་བསྒྲགས་བྱས་ཡོད་ཅིང་། བོད་རིགས་བརྩམས་སྒྲུང་རྩོམ་པ་པོ་ཨ་ལའེ་ཡི་བརྩམས་ཆོས་<<ཤ་མོའི་ར་བ>>དང་<<དབྱར་རྩྭ་དགུན་འབུ་རྐང་གསུམ>>ཞེས་པ་གཉིས་ལ་བརྩམས་སྒྲུང་འབྲིང་གྲས་ཀྱི་ལུའུ་ཞུན་བྱ་དགའ་ཐོབ་ཡོད་པ་གསལ་འདུག ཁོང་ནི་རྒྱ་ནག་གི་རྩོམ་རིག་བྱ་དགའ་ཆེ་ཤོས་བཞིའི་གྲས་མའོ་ཏུན་རྩོམ་རིག་བྱ་དགའ་(茅盾)དང་ལུའུ་ཞུན་རྩོམ་རིག་བྱ་དགའ་གཉིས་ཐོབ་མཁན་བོད་རིགས་དང་པོ་དེ་ཡིན་འདུག
བྱ་དགའ་ཐོབ་པའི་ཨ་ལའེ་ཡི་བརྩམས་སྒྲུང་<<ཤ་མོའི་ར་བ>>ཞེས་པ་དེ་ནི།  བོད་རིགས་གཞོན་ནུ་མ་སྲིད་འཇོམས་ཞེས་པ་ཞིག་ཕྱིའི་བར་ཆད་ཀྱི་རྐྱེན་མང་པོ་ཞིག་དང་འཕྲད་ཀྱང་དེ་དག་ལ་གདོང་ལེན་གྱིས་དཔལ་འབྱོར་ལོངས་སྤྱོད་ཕུན་སུམ་ཚོགས་པར་གྱུར་བའི་བརྩོམ་ཞིག་ཡིན་པ་དང་། <<དབྱར་རྩྭ་དགུན་འབུ་རྐང་གསུམ>>ཞེས་པའི་ནང་བོད་རིགས་སློབ་ཆུང་སློབ་མ་སངས་རྒྱས་ཞེས་པ་ཞིག་གིས་དབྱར་རྩྭ་དགུན་འབུའི་དུས་ཚིགས་ཀྱི་གཏམ་རྒྱུད་བཤད་ཡོད་ཅིང་། བརྩམས་སྒྲུང་གི་ཁྱད་ཆོས་གཙོ་བོ་ནི་བརྩེ་སེམས་ཀྱི་ཁྱད་ནོར་དང་།  དེང་རབས་སྤྱི་ཚོགས་ཀྱི་མི་དང་རང་བྱུང་ཁམས་བར་གྱི་གཏིང་ཟབ་པའི་འབྲེལ་བ་མཚོན་ཐབས་བྱས་ཡོད་འདུག
ལུའུ་ཞུན་རྩོམ་རིག་བྱ་དགའ་ཟེར་བ་དེ་ཕྱི་ལོ་ ༡༩༨༦ ལོ་ནས་མགོ་འཛུགས་་བྱས་པ་ཞིག་ཡིན་ཞིང་།  ཕྱི་ལོ་ ༢༠༡༨ ལོར་བྱ་དགའ་ཐོབ་མཁན་བརྩམས་ཆོས་ ༣༤ ཡོད་པ་དང་། བརྩམས་ཆོས་རེ་རེ་ཤོག་ངོས་ ༥ ལས་མ་བརྒལ་བ་ཡིན་འདུག
བོད་རིགས་རྩོམ་པ་པོ་གྲགས་ཅན་ཨ་ལའེ་ནི་ཕྱི་ལོ་ ༡༩༥༩ ལོར་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་འབར་ཁམས་ཏུ་འཁྲུངས་ཤིང་།  ཁོང་གི་སྙན་རྩོམ་གྲགས་ཆེ་ཤོས་ནི་<<ཟླ་འོད་འོག་གི་གསེར་བཟོ་བ>>དང་<<ཁྲག་གི་ལོ་ཟླ>>་སོགས་དང་། ཡང་སྒྲུང་རྩོམ་གྲགས་ཆེ་ཤོས་ནི་<<རྡུལ་འཚུབ་དྭངས་སོང>>་དང་<<གེ་སར་རྒྱལ་པོ>> <<རི་སྟོང>>སོགས་ཡིན་འདུག
ཕྱི་ལོ་ ༢༠༠༠ ལོར་ཁོང་གི་བརྩམས་སྒྲུང་རིང་གྲས་རྡུལ་འཚུབ་དྭངས་སོང་ཞེས་པར་སྐབས་ལྔ་པའི་མའོ་ཏུན་རྩོམ་རིག་བྱ་དགའ་དེ་ཐོབ་ཡོད་པ་རེད།

གསར་འགོད་པ་ཀེ་ཐོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎