ཨ་རིའི་གཞུང་གིས་བོད་དོན་ཐད་ཀྱི་ཁྲིམས་གཏན་འབེབས་བྱུང་བ་ལག་བསྟར་བྱེད་རྒྱུའི་འབོད་སྐུལ།

2019-05-14
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་མདུན། ༢༠༡༥
ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་མདུན། ༢༠༡༥
Lhuboom/RFA

ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་སུམ་ཅུ་ལྷག་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེའི་མཚན་ཐོག་ལ་སྙན་ཞུ་ཞིག་ཕུལ་ནས་གྲོས་ཚོགས་ནང་བོད་དོན་ཐད་གྲོས་ཆོད་ཁག་ཅིག་ཁྲིམས་ནང་གཏན་འབེབས་བྱུང་བ་དེ་ལག་བསྟར་གནང་དགོས་པའི་འབོད་གནང་འདུག
དེ་ཡང་ཨ་རིའི་གྲོས་ཚོགས་ཀྱི་ཊོམ་ལེན་ཊོ་སི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་ཆུང་  (Tom Lantos Human Rights Commission)གི་ཚོགས་གཞོན། གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་ཚོགས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་(Jim McGovern)མཆོག་དང་།  གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཁི་རི་སི་ཊོ་ཕར་སི་མིཐ་(Christopher H. Smith)་སོགས་གྲོས་ཚོགས་ཀྱི་མང་གཙོ་ཚོགས་པ་དང་། སྤྱི་མཐུན་ཚོགས་པ་གཉིས་ཀའི་འཐུས་མི་སུམ་ཅུ་སོ་གཉིས་ནས་མཚན་རྟགས་བཀོད་པའི་སྙན་ཞུ་ཞིག་ཨ་རིའི་ཕྱི་སྲིད་དྲུང་ཆེ་ས་(Mike Pompeo)མཆོག་ལ་ཕུལ་ནས། ཨ་རིའི་གྲོས་ཚོགས་ནང་བོད་དོན་ཐག་གཅོད་གནང་བའི་སྲིད་བྱུས་ཁག་ཅིག་ཁྲིམས་མཐུན་གཏན་འབེབས་ཟིན་པར་བརྟེན། ད་ཆ་སྲིད་འཛིན་ཌོ་ནལ་ཊམ་(Trump)མཆོག་གིས་སྣེ་ཁྲིད་པའི་ཨ་རིའི་སྲིད་གཞུང་གིས་དེ་དག་ལག་བསྟར་གནང་དགོས་པའི་འབོད་སྐུལ་གནང་འདུག
འབོད་སྐུལ་དེ་གནང་དགོས་དོན་བོད་ནང་རྒྱ་ནག་གཞུང་གིས་འཛེམ་ཟོན་མེད་པར་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་དང་གཏོང་བཞིན་པར་བརྟེན། ཨ་རིའི་གྲོས་ཚོགས་ཀྱིས་དེ་སྔ་བོད་དོན་སྲིད་བྱུས་ ༢༠༠༢ ཞེས་པ་དང་། ཕྱི་ལོ་༢༠༡༨  ལོར་བོད་ནང་ཕན་ཚུན་འགྲོ་འོང་འདྲ་མཉམ་གྱི་གྲོས་ཆོད་ད་ཆ་ཁྲིམས་མཐུན་གཏན་འབེབས་ཆགས་པ་དེ་དག་ཨ་རིའི་གཞུང་གིས་གདེང་སྤོབས་ཆེན་པོས་ལག་བསྟར་དོན་འཁྱོལ་གནང་དགོས་པའི་སྐོར་སོགས་ཡིན་འདུག དེ་བཞིན་ཨ་རིས་བོད་མིའི་ཆོས་དད་རང་དབང་ལ་དོ་ཁུར་གནང་དགོས་པ་སོགས་བཀོད་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།