རྒྱ་ནག་གིས་བོད་དང་ཞིན་ཅང་ལ་དམ་དྲག་བྱེད་བཞིན་པར་སྐྱོན་བརྗོད།


2018.02.23
ལྷ་སའི་གཙུག་ལག་ཁང་གི་མདུན། ༢༠༡༦།༩།༢༡ ལྷ་སའི་གཙུག་ལག་ཁང་གི་མདུན། ༢༠༡༦།༩།༢༡
AFP

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་སྙན་ཐོའི་ནང་། བོད་ཁུལ་དང་ཞིན་ཅང་ས་ཁུལ་དུ་རྒྱ་ནག་གཞུང་གིས་ཁ་བྲལ་ལ་རྒོལ་རྡུང་དང་འཇིགས་སྐུལ་དྲག་སྤྱོད་པར་ངོ་རྒོལ་ལ་སོགས་པར་ཁ་གཡར་ནས་མུ་མཐུད་ནས་དམ་དྲག་བྱེད་ཀྱིན་པར་གླེང་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས་འདུག
དེ་ཡང་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཆགས་པའི་རྒྱལ་སྤྱིའི་ཉེས་ཡང་སྒྲིག་འཛུགས་ཀྱིས་ཟླ་འདིའི་ཚེས ༢༢ ཉིན་སྤེལ་བའི་ལོ་འཁོར་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོའི་ནང་། འདས་ཟིན་པའི་༢༠༡༧ལོར། རྒྱ་ནག་གཞུང་གིས་མུ་མཐུད་ནས་རྒྱལ་ཁབ་བདེ་འཇགས་ཞེས་པར་ཁ་གཡར་ནས། འགྲོ་བ་མིའི་ཐོབ་ཐང་ལ་སྡིགས་བསྐུལ་ཆེ་བ་ཐེབས་པའི་ཁྲིམས་སྲོལ་གསར་བ་གཏན་འབེབས་བྱས་ཡོད་པ་དང་། ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ལིའུ་ཞོ་པའོ་ལགས་བཙོན་འོག་ཏུ་སྐུ་གྲོངས་ཡོད་པས་མཚོན། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་མཁན་མང་པོར་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་པ་དང་བསྙད་རྐོ་ཟིང་སློང་སོགས་མག་མོག་གི་ཉེས་མིང་བཙུགས་ནས་འཛིན་བཟུང་དང་ཁྲིམས་ཆད་བཅད་ཡོད་པ་དང་།  དེ་བཞིན་དུ་རྒྱ་ནག་གཞུང་གིས་བརྡ་འཕྲིན་དྲྭ་རྒྱ་ལ་དམ་དྲག་ཤུགས་ཆེན་བྱེད་ཀྱིན་པར་སྐྱོན་བརྗོད་བྱས་འདུག
ལྷན་པར་དུ་རྒྱལ་སྤྱིའི་ཉེས་ཡང་སྒྲིག་འཛུགས་ཀྱི་ལོ་འཁོར་འགྲོ་བ་མིའི་ཐོབ་ཐང་སྙན་ཐོའི་ནང་། རྒྱ་ནག་གི་ཆོས་ལུགས་དད་མོས་རང་དབང་དང་སྨྲ་བརྗོད་རང་དབང་སོགས་ལ་དམ་དྲག་སྔར་ལས་ཀྱང་ནན་མོ་བྱེད་ཀྱིན་པར་སྐྱོན་བརྗོད་བྱས་ཡོད་པ་དང་། དེ་ཡང་ཞིན་ཅང་ངམ་ཤར་ཏིར་ཀི་སི་ཐན་དང་བོད་ཁུལ་དུ། རྒྱ་ནག་གཞུང་གིས་ཁ་བྲལ་བར་རྒོལ་རྡུང་དང་། འཇིགས་སྐུལ་དྲག་སྤྱོད་པར་ངོ་རྒོལ་སོགས་ལས་འགུལ་ལ་ཁ་གཡར་ནས་དྲག་གནོན་དེ་སྔ་ལས་ཀྱང་དྲག་པོ་བྱེད་ཀྱིན་པ་དང་། རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ལྷན་ཁང་གིས་སྤེལ་བའི་ཆོས་ལུགས་ལས་དོན་སྲོལ་ཡིག་ཟེར་བ་དེ་སྤྱི་ཟླ ༢ པའི་ཚེས ༡ ནས་ལག་ལེན་དུ་དངོས་སུ་བསྟར་ཡོད་པས། ཆོས་ལུགས་དང་ཆོས་ལུགས་པར་ཕྱོགས་ཐམས་ཅད་ནས་ལྟ་སྐུལ་དང་དམ་དྲག་བྱེད་འཆར་ཡོད་པའི་མ་ཟད། སྲོལ་ཡིག་དེའི་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཆེད་དུ་ཆོས་ལུགས་ཐལ་དྲག་དང་སིམ་འཛུལ་ལ་འགོག་རྒོལ་བྱེད་རྒྱུ་ནན་གྱིས་བརྗོད་ཡོད་པས། རྒྱ་ནག་གཞུང་གིས་སྲོལ་ཡིག་དེར་ཁ་གཡར་ནས་ཆོས་ལུགས་དད་མོས་རང་དབང་ལ་དམ་དྲག་བྱས་ཆོག་ལ། ནང་སྒོས་བོད་བརྒྱུད་ནང་བསྟན་པའི་རྗེས་འབྲང་བ་དང་། ཡུ་གུར་ཁ་ཆེ་ཆོས་ལུགས་པ་སོགས་ལ་དམ་དྲག་ནན་མོ་བྱེད་རྒྱུར་ཆོག་མཆན་གནང་བ་ལྟ་བུ་ཆགས་ཡོད་ཅེས་སོགས་སྐྱོན་བརྗོད་ནན་མོ་བྱས་འདུག

གསར་འགོད་པ་སྟག་ལྷ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎