རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་འབོད་སྐུལ་སྙན་ཐོ་སྤེལ་འདུག

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་འཛམ་གླིང་ནང་གི་སྲིད་གཞུང་ཚོས་གོ་མཚོན་གང་བྱུང་དུ་ཚོང་འགྲེམས་བྱ་རྒྱུ་མཚམས་འཇོག་ཆེད་འབོད་སྐུལ།

2008-09-17
Share

༄༅༎རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་འཛམ་གླིང་ནང་གི་སྲིད་གཞུང་ཚོས་གོ་མཚོན་གང་བྱུང་དུ་ཚོང་འགྲེམས་བྱ་རྒྱུ་མཚམས་འཇོག་མ་བྱས་ཚེ་གོ་མཚོན་དེ་དག་བེད་སྤྱོད་གང་བྱུང་བཏང་སྟེ་འགྲོ་བ་མིའི་ཐོབ་ཐང་གི་སྤྱོད་ཚུལ་དང་འགལ་འཛོལ་བྱེད་སྲིད་པའི་འབོད་སྐུལ་གྱི་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད་པ་རེད།

དེ་ཡང་འབར་མའི་ནང་ན་ནིང་ཕྱི་ལོ་༢༠༠༧ལོའི་ཕྱི་ཟླ་༩པའི་ནང་དམངས་གཙོའི་ལས་འགུལ་སྤེལ་བའི་སྐབས་ངོ་རྒོལ་གྱི་ལས་འགུལ་མཚམས་འཇོག་བྱ་ཐབས་སུ་དྲག་པོའི་གཞུང་གི་དམག་དཔུང་གིས་གོ་མཚོན་བེད་སྤྱོད་བཏང་བའི་གནས་ཚུལ་དང་དེ་བཞིན་སོ་མ་ལི་ཡ་ནང་ལག་ཏུ་གོ་མཚོན་འཁྱེར་ཏེ་སྲང་ལམ་ཐོག་གང་བྱུང་དུ་དྲག་པོའི་བྱ་སྤྱོད་སྤེལ་བ་སོགས་ལུང་འདྲེན་གནང་སྟེ་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ངོས་ནས་གོ་མཚོན་ཆུང་ཆུང་དེ་རིགས་བེད་སྤྱོད་གཏོང་བདེ་བྱས་ཏེ་འཛམ་གླིང་ནང་བྱ་སྤྱོད་ངན་པའི་ཤུགས་རྐྱེན་གི་རྐྱེན་རྩ་ཞིག་ཡིན་པའི་སྐྱོན་བརྗོད་གནང་གི་ཡོད་པ་རེད། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་སྙན་ཐོའི་ནང་ལ་གོ་མཚོན་གང་བྱུང་དུ་བེད་སྤྱོད་བཏང་སྟེ་རྒྱ་ལམ་ཐོག་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་རིམ་པ་ཐོན་བཞིན་པའི་ནང་ནས་གནས་སྟངས་སྡུག་ཤོས་ཀྱི་རྒྱལ་ཁབ་མིང་གཞུང་ཐོ་བཀོད་བྱས་པའི་ནང་ལྷོ་ཨ་ཕེ་རི་ཀའི་ཌའར་ཕུར་དང༌། ཁོ་ལམ་སྦི་ཡ། གོ་ཏེ་མ་ལ། གིའི་ནི། ཨི་རག་སོགས་ཡིན་པ་བཀོད་ཡོད་དེ་འཛམ་གླིང་གི་སྲིད་གཞུང་ཚོས་ད་བར་གོ་མཚོན་ཚོང་འགྲེམས་བཀག་འགོག་མ་བྱས་པར་བརྟེན་ནས་བྱུང་བའི་ཚབས་ཆེའི་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་དེ་དག་མཚམས་འཇོག་ཡོང་ཐབས་སུ་ད་ནས་བཟུང་རྒྱལ་སྤྱིའི་གོ་མཚོན་ཚོང་འགྲེམས་བཀག་བསྡོམས་ཀྱི་ཆིངས་ཡིག་ལག་བསྟར་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་ཐོག་སྒྲིག་སྲོལ་ཡག་པོ་ཞིག་ཡོང་བའི་འབད་བརྩོན་བྱས་པ་ཡིན་ཚེ་དེ་ཡིས་འགྲོ་བ་མིའི་ཚེ་སྲོག་སྐྱོབ་ཐུབ་རྒྱུར་ཕན་ཐོགས་ཡོང་རྒྱུ་ཡིན་པ་གསུང་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།