བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་ནས་ལོ་ངོ་བཅུ་འཁོར་བའི་དུས་དྲན་ལས་འགུལ།

2018-08-08
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་ནས་ལོ་ངོ་བཅུ་འཁོར་བའི་དུས་དྲན་ལས་འགུལ། 2018/8/8
བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་ནས་ལོ་ངོ་བཅུ་འཁོར་བའི་དུས་དྲན་ལས་འགུལ། 2018/8/8
RFA

བོད་ནང་ས་བྱི་ཞི་རྒོལ་ཆེན་མོའི་ལས་འགུལ་སྤེལ་ཏེ་ལོ་བཅུ་འཁོར་བ་དང་བསྟུན་ནས་བཞུགས་སྒར་དུ་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་འདུག
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་བ་གཞིར་བཟུང་ན། སྤྱི་ལོ་༢༠༠༨ལོར་བོད་མདོ་དབུས་ཁམས་གསུམ་དུ་བོད་མི་ཚོས་རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་མངོན་འདོད་མི་མཚུངས་པའི་གདུག་རྩུབ་ཅན་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པར་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་ནས་ད་ཆ་ལོ་བཅུ་འཁོར་བའི་ཉིན་མོ་དང་སྟབས་བསྟུན། བཞུགས་སྒར་ངྷ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་བུད་མེད་ལྷན་ཚོགས་དང་བོད་ཀྱི་དགུ་བཅུ་གསུམ་ཚོགས་པ། བོད་རྒྱལ་ཡོངས་དམངས་གཙོ་ཚགོས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་བཞི་ཡིས་བཀོད་སྒྲིག་བྱས་ཏེ། ངྷ་ས་མེན་ལག་གྷན་ཇི་རླངས་འཁོར་འབབ་ཚུགས་ནས་འགོ་བཛུགས་ཀྱིས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ཉེ་འགྲམ་བར་མི་གྲངས་༣༥སྐོར་ཞིག་ནས་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། སྐབས་དེར་བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ཚོགས་གཙོ་ཚེ་བརྟན་ནོར་བུ་ལགས་ཀྱིས་བོད་ནང་ས་བྱི་ཞི་རྒོལ་ཆེན་མོའི་ལས་འགུལ་སྤེལ་ནས་ད་བར་ལོ་བཅུ་འགོར་ཡང་། བོད་ནང་གི་འགྲོ་བ་མིའི་གནས་སྟངས་བཟང་ཕྱོགས་ཀྱི་འགྱུར་བ་ཕར་ཞོག་དེ་ལས་ལྡོག་སྟེ་༢༠༠༩ལོ་ནས་བཟུང་ད་བར་བོད་ནང་བོད་མི་བརྒྱ་དང་ལྔ་བཅུ་བརྒལ་བས་བོད་དོན་ཆེད་རང་ལུས་མེར་བསྲེག་བཏང་བའི་གནས་ཛ་དྲག་ཏུ་ཕྱིན་པའི་སྐབས། ཚང་མས་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་དང་འབྲེལ། འཐབ་རྩོད་ཀྱི་ལས་འགུལ་དེ་མུ་མཐུད་དུ་མཇུག་སྐྱོང་གནང་རྒྱུ་དང་། རྒྱ་ནག་དམར་པོའི་སྲིད་གཞུང་ལ་བརྡ་ལན་སྤྲད་ཡ་ཞིག་ལ་ང་ཚོའི་བོད་ཀྱི་འཐབ་རྩོད་དེ་བདེན་པའི་འཐབ་རྩོད་ཡིན་པ་དང་། ང་ཚོར་དབུ་ཁྲིད་གཅིག་དང་སྒྲིག་འཛུགས་གཅིག་རེད། རྩ་དོན་དང་ཁ་གཏད་གཅོག་ས་གཅིག་དེ་རྒྱ་ནག་གཞུང་ཡིན་པས། བོད་ཕྱི་ནང་གཉིས་དང་ཆོལ་གསུམ་བོད་མི་ཚང་མས་ད་དུང་མུ་མཐུད་དུ་འཐབ་རྩོད་གནང་དང་གནང་མུས་ཡིན་པ་སོགས་འགྲེལ་བརྗོད་གནང་ཡོད།
གོང་བརྗོད་ལས་འགུལ་དེའི་ནང་རྒྱ་གར་ཡུལ་མི་ཁ་ཤས་ཀྱང་བོད་མིར་རྒྱབ་སྐྱོར་ཆེད་ལས་འགུལ་ནང་མཉམ་ཞུགས་གནང་འདུག
དེ་བཞིན་ལྡི་ལིར་ཡང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཞི་མཉམ་འབྲེལ་བྱས་ནས་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་ནས་ལོ་ངོ་བཅུ་འཁོར་བའི་དུས་དྲན་ལས་འགུལ་སྤེལ་ཡོད་པ་རེད།

གསར་འགོད་པ་ལྕགས་མོ་འཚོ།

མཆན། (0)
Share
དྲ་གནས་ཆ་ཚང༌།