གསེར་རྟ་སྒར་གྱི་གླིང་བྲོ་བདེ་ཆེན་རོལ་མོ་འཁྲབ་བཅུག་མི་འདུག

2016-08-16
གློག་འཕྲིན།
མཆན།
Share
པར་བཀོད།
གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་ཤུལ། ༢༠༡༦།༧།༢༥
གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་ཤུལ། ༢༠༡༦།༧།༢༥
བོད་འབྱོར།

གསེར་རྟ་བླ་རུང་ཆོས་སྒར་གྱི་འདན་སྲས་དཔའ་བོའི་རྟོགས་བརྗོད་དང་གླིང་བྲོ་བདེ་ཆེན་རྡོ་རྗེ་རོལ་མོ་དམ་དྲག་འོག་འཁྲབ་སྟོན་བྱས་ཡོད་འདུག
དེ་ཡང་འདི་གའི་གསར་འགོད་པ་སངས་རྒྱས་རྡོ་རྗེ་ཡིས་གནས་ཚུལ་བཏང་བ་ལྟར་ན། རྒྱ་ནག་གིས་དམ་བསྒྲགས་ཀྱི་རྐྱེན་པས་གསེར་རྟ་བླ་རུང་ཆོས་སྒར་གྱིས་ངོས་ནས་ལོ་ལྟར་གོ་སྒྲིག་གནང་སྲོལ་ཡོད་པའི་འདན་སྲས་དཔའ་བོའི་རྟོགས་བརྗོད་དང་། གླིང་བྲོ་བདེ་ཆེན་རྡོ་རྗེ་རོལ་མོ་ད་ལོར་ཚོགས་བཅུག་མེད་པར་བརྟེན་འདི་ཚེས་༡༥་ཉིན་ཉེ་འཁོར་གྱི་ཞོ་རོགས་སྡེ་བར་དམ་དྲག་འོག་ནས་ཚོགས་དགོས་བྱུང་ཡོད་པ་བརྗོད་འདུག
འདན་སྲས་དཔའ་བོའི་རྟོགས་བརྗོད་དང་། གླིང་བྲོ་བདེ་ཆེན་རྡོ་རྗེ་རོལ་མོ་ནི་སྔ་འགྱུར་རྙིང་མའི་ཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད་པ་ཞིག་ཡིན་པ་དང་། དུས་རྒྱུན་འཁྲབ་སྟོན་དེ་བཞིན་ཉིན་བཅུ་ཙམ་རིང་གནང་སྲོལ་ཡོད་ཀྱང་ད་ལོ་རྒྱ་ནག་གཞུང་གི་དམ་བསྒྲགས་འོག་འཁྲབ་སྟོན་དེ་བཞིན་ཉིན་གཅིག་ལས་ཚོགས་ཐུབ་མེད་པ་མ་ཟད། གྲྭ་བཙུན་རྣམས་འཁྲབ་སྟོན་ཚར་མ་ཐག་རང་སར་ཕྱིར་ལོག་དགོས་པའི་བཙན་བཀའ་བཏང་ཡོད་པ་འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་འདུག
དེང་སྐབས་རྒྱ་ནག་གིས་གྲྭ་བཙུན་ཚོད་འཛིན་དང་མཉམ་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་བརྒྱ་ཕྲག་མང་པོ་གཏོར་བཤིག་གཏོང་བཞིན་པ་རེད།

གསར་འགོད་པ་ཀརྨ་རྒྱ་མཚོ།

མཆན། (0)
Share
དྲ་གནས་ཆ་ཚང༌།