ཨ་རིའི་གྲོས་ཚོཌ་ནས་ཨང་སང་སུ་ཅི་ལ་གཟེངས་རྟཌ་འབུལ་རྒྱུ།

འབར་མའི་དམངས་གཙོ་དོན་གཉེར་བ་ལྕམ་ཨང་སན་སུའུ་ཅི་ལ་ཨ་རིའི་གྲོས་ཚོཌ་ཀྱི་གསེར་གྱི་རྟགས་མའི་གཟེངས་རྟཌ་མཐོ་ཤོས་དེ་འབུལ་རྒྱུ།

2012.07.21

༄༅༎འབར་མའི་དམངས་གཙོ་དོན་གཉེར་བ་ལྕམ་ཨང་སན་སུའུ་ཅི་ལ་ཨ་རིའི་གྲོས་ཚོགས་གསེར་གྱི་རྟགས་མའི་གཟེངས་རྟགས་མཐོ་ཤོས་དེ་འབུལ་རྒྱུ་ཡིན་འདུག
ཉེ་ཆར་ཨ་རིས་འབར་མའི་དམངས་གཙོ་དོན་གཉེར་བ་ལྕམ་ཨང་སན་སུའུ་ཅི་ཨ་རིར་གཟིགས་སྐོར་དུ་མགྲོན་འབོད་བྱས་ཡོད་པ་ལྟར། ལྕམ་ཨང་སན་སུའི་ཅི་འབྱུང་འགྱུར་ཕྱི་ཟླ་༩ ནང་ཨ་རིར་གཟིགས་སྐོར་དུ་འགྲོ་གཏན་འཁེལ་ཡོད་པ་དང༌།  སྐབས་དེར་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེགས་རྟགས་དེ་ཁོང་མོར་འབུལ་འཆར་ཡོད་པ་མ་ཟད། ཨ་རིའི་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་ཨ་ཊི་ལན་ཊེཀ་ལྷན་ཚོགས་པས་ཀྱང་ཁོང་ལ་འཛམ་གླིང་མི་སེར་གཟེངས་རྟགས་འབུལ་རྒྱུ་ཡིན་འདུག
ཨ་རིའི་གྲོས་ཚོགས་གསེར་གྱི་རྟགས་མ་ནི་ཨ་རིའི་ནང་གི་ཆེ་བསྟོད་གཟེངས་རྟགས་ཚད་མཐོ་ཤོས་དེ་ཡིན་པ་དང་། ༢༠༠༧ ལོར་གཟེངས་རྟགས་དེ་༸གོང་ས་མཆོག་ལ་ཕུལ་བའི་རྗེས། ༢༠༠༨ ལོར་ལྕམ་ཨང་སན་སུའུ་ཅི་ལ་འབུལ་རྒྱུའི་ཐག་གཅོད་བྱུང་ཡོད་ཀྱང་། སྐབས་དེར་ཁོ་མོ་བཟང་བཙོན་དུ་བཅུག་ཡོད་སྟབས་རྟགས་མ་ལེན་ཐུབ་མེད་པ་ཡིན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་ཐོབ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་སྲིད་འཛིན་ཕོ་བྲང་དཀར་པོའི་ངོས་ནས་ས་ག་ཟླ་བའི་དུས་ཆེན་སྲུང་བརྩི་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎