༧གོང་ས་མཆོག་མཇལ་བས་ང་ལ་བྱིན་རླབས་གནང་བྱུང་།


2017.03.27
༧གོང་ས་མཆོག་དང་ཨོ་སེ་ཊོ་ལི་ཡའི་དབྱུག་རྕེད་སྤོ་ལོ་(Cricket)་རུ་ཁག་གི་འགོ་ཁྲིད་སི་ཊིཝ་སི་མིཐ་(Steve Smith) ༢༠༡༧།༣།༢༤ ༧གོང་ས་མཆོག་དང་ཨོ་སེ་ཊོ་ལི་ཡའི་དབྱུག་རྕེད་སྤོ་ལོ་(Cricket)་རུ་ཁག་གི་འགོ་ཁྲིད་སི་ཊིཝ་སི་མིཐ་(Steve Smith) ༢༠༡༧།༣།༢༤
OHHDL

༧གོང་ས་མཆོག་གིས་བྱིན་རླབས་གནང་བྱུང་བས་ད་གཉིད་སྐྱིད་པོ་ཁུག་པའི་རེ་བ་ཡོད་ཅེས་རྩེད་འགྲན་རུ་དཔོན་གྱིས་གསུངས་འདུག
ཨོ་སེ་ཊོ་ལི་ཡའི་དབྱུག་རྕེད་སྤོ་ལོ་(Cricket)་རུ་ཁག་གི་འགོ་ཁྲིད་སི་ཊིཝ་སི་མིཐ་(Steve Smith)ཡིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་རྗེས་གཉིད་སྐྱིད་པོ་ཁུག་པའི་རེ་བ་ཡོད་ཅེས་གསུངས་གནང་འདུག
དེ་ཡང་སྤྱི་ཚེས་༢༥་ཉིན་ཨོ་སེ་ཊོ་ལི་ཡའི་དབྱུག་རྩེད་སྤོ་ལོ་(Cricket)་རྩེད་འགྲན་རུ་ཁག་ཆུ་ཚོད་གཅིག་ཙམ་རིང་། ༧གོང་ས་མཆོག་ལ་མཇལ་བཅར་སྐབས་སུ་རུ་དཔོན་སི་ཊིཝ་སེ་མིཐ་ཡིས། རྒྱ་གར་ནང་བདུན་ཕྲག་དྲུག་རིང་སྐོར་བསྐྱོད་རིང་སེམས་འཚབ་ཀྱི་གནོན་ཤུགས་གདོང་ལེན་བྱ་ཕྱོགས་དང་གཉིད་ཡག་པོ་ཁུག་ཐབས་སྐོར་༧གོང་ས་མཆོག་ལ་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས་བཞད་མོ་དང་བཅས་དེ་ངས་ཤེས་ཀྱི་མེད། ཡིན་ཡང་ངའི་བསམ་པར་ཁྱོད་ཀྱི་སེམས་དེ་ཞི་བདེ་ཡིན་སྐབས། དེ་ནས་རང་འགུལ་གྱིས་གཉིད་ཡོང་གི་རེད་གསུངས་འདུག
རུ་དཔོན་སི་ཊིཝ་སེ་མིཐ་ཡིས། ༧གོང་ས་མཆོག་གིས་ངའི་དང་སྣ་བུག་བདར་གནང་བ་དང་དེ་རྗེས་མས་ལེ་གཅུས་གནང་གིས་བྱིན་རླབས་གནང་བྱུང་བས་ཉིན་ལྔའི་རིང་གཉིད་སྐྱིད་པོ་ཁུག་པའི་རེ་བ་ཡོད་ཅེས་གསུངས་གནང་འདུག
ཡང་ཁོང་གིས་༧གོང་ས་མཆོག་མཇལ་རྒྱུ་བྱུང་བ་དེས་ང་ཚོའི་བསམ་བློ་གཏོང་ཕྱོགས་ལའང་ཁྱད་པར་འགྲོ་གི་རེད་ལ་ཉམས་མྱོང་བཟང་པོ་གསོག་རྒྱུར་ཕན་གྱི་རེད། རྩེད་འགྲན་ལས་སླ་པོ་མེད་ཀྱང་མཐའ་མ་འགྲན་རྩོད་དེ་རྩེད་མོ་རང་ཡིན་པར་ངོས་འཛི་ན་བྱེད་དགོས་ཀྱི་རེད་ཅེས་གསུངས་གནང་འདུག
ཐེངས་འདིའི་མཐའ་མའི་རྩེད་འགྲན་དེ་རེས་གཟའ་སྤེན་པའི་ཉིན་ཡིན་པ་རེད༎

གསར་འགོད་པ་ཀརྨ་རྒྱ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་བལ་ཡུལ་ནང་ཡོང་རྒྱུ་བལ་ཡུལ་གྱིས་ངོས་ལེན་བྱས་མེད་པ་བལ་ཡུལ་གྱི་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཉག་ཆུ་རྫོང་གི་རི་ངོས་སུ་སླར་ཡང་མེ་སྐྱོན་ཤུགས་ཆེན་ཤོར་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎