ཨེ་ཤ་ཡའི་བདེ་འཇཌ་ཆེད་རྒྱ་གར་གལ་གནད་ཆེ་བ།

ཨེ་ཤི་ཡའི་གླིང་ཆེན་གྱི་བདེ་འཇགས་སྲུང་སྐྱོབ་ཀྱི་ལས་དོན་ནང་རྒྱ་གར་གནད་འགག་ཆེ་བ་དང་དེ་དོན་འགན་ཁུར་ཡང་ཆེ་ཙམ་བཞེས་དགོས།

2011.07.28

༄༅༎ཨེ་ཤི་ཡའི་གླིང་ཆེན་གྱི་བདེ་འཇགས་སྲུང་སྐྱོབ་ཀྱི་ལས་དོན་ནང་རྒྱ་གར་གནད་འགག་ཆེ་བ་དང་དེ་དོན་འགན་ཁུར་ཡང་ཆེ་ཙམ་བཞེས་དགོས་པའི་སྐོར་ཨོས་ཀྲེ་རི་ལི་ཡའི་བདེ་འཇགས་བློན་ཆེན་སི་ཀྲི་ཕེན་སི་མིཐ་ཡིས་ནན་བརྗོད་གནང་བཞག་༎

བདུན་ཕྲག་སྔོན་མ་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྩམ་ཧི་ལ་རི་ཀི་ལིན་ཀྲེན་མཆོག་གིས་རྒྱ་གར་ནང་གཞུང་དོན་འཚམས་གཟིགས་ཕེབས་སྐབས་ ཨེ་ཤི་ཡའི་གླིང་ཆེན་གྱི་མ་འོངས་པའི་ཁ་ཕྱོགས་བསྐྲུན་རྒྱུར་་ རྒྱ་གར་དེ་བཞིན་གནད་འགག་ཤིན་ཏུ་ཆེ་བའི་སྐོར་གསལ་འདོན་གནང་ཡོད་པ་དང་ ཁ་ས་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་ཏུ་ Brookings Institute ཉམས་ཞིབ་ལྟེ་གནས་ཁང་གི་གོ་སྒྲིག་འོག ཨེ་ཤི་ཡ་དང་ཞི་བདེའི་རྒྱ་མཚོའི་ཁུལ་གྱི་བདེ་འཇགས་དང་འབྲེལ་བའི་ཞུགས་མོལ་ལྷན་ཚོགས་ཞིག་གི་ཐོག་ ཨོས་ཀྲེ་རི་ལི་ཡའི་བདེ་འཇགས་བློན་ཆེན་མཆོག་ནས་ཀྱང་ དེ་ལྟར་ནན་བཤད་གནང་ཡོད་པ་རེད་ ཨོས་ཀྲེ་རི་ལི་ཡའི་བདེ་འཇགས་བློན་ཆེན་སི་ཀྲི་ཕེན་སི་མིཐ་ཡི་གསུངས་བཤད་ནང་ ཨོས་ཀྲེ་རི་ལི་ཡའི་ངོས་ནས་ རྒྱ་ནག་དང་ལས་དོན་མཉམ་ལས་གནང་རྒྱུའི་སྐོར་བཀའ་མོལ་རོབ་ཙམ་གསུངས་པ་ལས་ གསུང་བཤད་ཀྱི་ནང་དོན་གཙོ་བོ་དེ་བཞིན་རྒྱ་གར་གྱི་གནད་འགག་དང་རྒྱལ་སྤྱིའི་ཐོག་རྒྱ་གར་གྱི་འགན་འཁུར་སྐོར་ནན་བརྗོད་གནང་ཡོད་འདུག དེ་ཡང་སྐུ་ཞབས་སི་ཀྲི་ཕེན་སི་མིཐ་ཡིས་ ཨེ་ཤི་ཡའི་ཁུལ་དུ་རྒྱ་གར་གྱི་གནད་འགག་སྐོར་གསུངས་དོན་དུ་ རྒྱ་གར་དེ་བཞིན་འཛམ་གླིང་ནང་སྟོབས་ཆེན་རྒྱལ་ཁབ་ཁོངས་སུ་བསྐྱོད་བཞིན་པ་མ་ཟད་ དམངས་གཙོའི་གཞུང་ལུགས་སྲ་བརྟན་ལྡན་པའི་རྒྱལ་ཁབ་ཞིག་ཡིན་པའི་ཆ་ནས་ ཨེ་ཤི་ཡའི་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་བདེ་འཇགས་སྲུང་སྐྱོབ་ཐད་ ཐབས་ཇུས་ཀྱི་འགན་ཁུར་ཆེ་ཙམ་ལེན་ཐུབ་པ་ཟད་ འགན་ཁུར་ལེན་དགོས་པ་དང་ དེ་ནི་ཕྱོགས་ཚང་མའི་ཁེ་ཕན་ཡང་ཡིན་པའི་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད་ རྒྱ་ནག་གཞུང་གིས་ཉེ་དུས་དྲག་པོའི་དཔུག་དམག་དེང་རབས་ཅན་དུ་འགྱུར་བའི་ལས་གཞི་རྒྱ་ཆེ་བརྩམས་པ་དང་ ཕྱོགས་མཚུངས་ལྷོ་རྒྱ་ནག་རྒྱ་མཚོ་ཆེན་མོའི་ནང་རྒྱ་ནག་དང་ལྦིཏ་ནམ། ཕི་ལི་པིན་སི་བཅས་དབར་རྩོད་གླེང་ཆེན་པོ་བྱུང་བཞིན་པའི་སྐབས་ ཨ་རི་དང་ ཨོས་ཀྲེ་རི་ལི་ཡ་ ཉི་ཧོང་བཅས་ཀྱིས་ རྒྱ་གར་དང་དམག་དོན་གྱི་འབྲེལ་ལམ་དམ་ཟབ་གཏོང་བཞིན་ཡོད་པ་རེད་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎