ཨོས་ཀྲེ་རི་ལི་ཡའི་ནང་གི་སྐྱབས་བྱོལ་བའི་གནས་སྟངས།

ཨོས་ཀྲེ་རི་ལི་ཡའི་བཀག་སྲུང་ཁང་ནང་སྐྱབས་བྱོལ་ཞུ་མཁན་ཁོངས་ནས་རང་སྲོག་བཅད་པ་དང་རང་ལུས་ལ་རྨས་སྐྱོན་བཏང་བའི་དོན་རྐྱེན།

2011.07.29

༄༅༎ཨོས་ཀྲེ་རི་ལི་ཡའི་ཕྱི་མི་ལས་ཁུངས་ཀྱི་དོ་དམ་བཀག་སྲུང་ཁང་ནང་སྐྱབས་བྱོལ་ཞུ་མཁན་ཁོངས་ནས་རང་སྲོག་བཅད་པ་དང་ཡང་ན་རང་ལུས་ལ་རྨས་སྐྱོན་བཏང་བའི་དོན་རྐྱེན་ཇེ་མང་དུ་འགྲོ་བཞིན་པ་དེར་ ཨོས་ཀྲེ་རི་ལི་ཡའི་གཞུང་གིས་ཞིབ་འཇུག་གནང་རྒྱུའི་སྐོར་གསལ་བསྒྲགས་གནང་བཞག་༎

གནས་ཚུལ་ནང་གསལ་ལྟར་ན་ Christmas Island ཞེས་པའི་ཨོས་ཀྲེ་རི་ལི་ཡའི་མཚོ་གླིང་ནང་ཡོད་པའི་སྐྱབས་བྱོལ་བའི་དོ་དམ་བཀག་སྲུང་་ཁང་ནང་ འདི་ལོ་གཅིག་པུར་མི་གྲངས་༡༡༠༠ལྷག་གི་རང་སྲོག་གཅོད་རྒྱུའི་འཇིགས་སྐུལ་བྱས་པ་དང་ ཡང་ན་ དངོས་སུ་རང་ལུས་ལ་རང་མོས་རྨས་སྐྱོན་བཏང་བའི་དོན་རྐྱེན་བྱུང་ཡོད་པ་རེད་ ཨོས་ཀྲེ་རི་ལིིའི་བཙོན་ཁང་དང་དོ་དམ་བཀག་སྐྱིལ་ཁང་གི་གནས་སྟངས་ལ་རང་དབང་ཅན་གྱི་ཞིབ་འཇུག་དང་རྟོགས་ཞིབ་གནང་མཁན་སྐུ་ཞབས་ཨེ་ལེན་ཨེ་ཤར་ཞུ་བས་ཨེ་སྦི་སི་བརྙན་འཕྲིན་ལས་ཁང་ལ་ སྐྱབས་བྱོལ་བའི་དོ་དམ་བཀག་སྐྱིལ་ཁང་གི་གནས་སྟངས་ངོ་སྤྲོད་གནང་པར་

ཕྱི་ཟླ་༦པའི་ནང་ཁོང་Christmas Island ཞེས་པའི་སྐྱབས་བྱོལ་བའི་དོ་དམ་བཀག་སྐྱིལ་་ཁང་དུ་བདུན་ཕྲག་གཅིག་རིང་གཟིགས་ཞིབ་དུ་ཕེབས་སྐབས་ དུས་ཚོད་དེའི་རིང་ བཀག་སྐྱིལ་ཁང་ནང་སྐྱབས་བྱོལ་བ་༣༠ཐམ་པའི་རང་སྲོག་གཅོད་ཐབས་བྱས་པའི་གནས་ཚུལ་བྱུང་ཡོད་ འདི་ལྟ་བུའི་གནས་ཚུལ་ཇེ་མང་བྱུང་བཞིན་པ་ནི་ སྐྱབས་བ་ཚོར་ཁྲིམས་ཐོག་ནས་ཞིབ་འཇུག་མེད་པར་རྒྱུན་རིང་བཀག་སྐྱིལ་གྱི་འོག་བཞག་པའི་རྐྱེན་ལུས་སེམས་གཉིས་ཀའི་ཐོག་མ་སྐྱིད་པའི་འཁོར་ཡུག་གནས་སྟངས་རྐྱེན་པས་བྱུང་བ་དང་ ཨོས་ཀྲེ་རི་ལིའི་གཞུང་ཕྱོགས་ནས་  སྐྱབས་བྱོལ་བའི་གནས་སྟངས་དང་བདེ་སྡུག་ལ་གཟིགས་ཞིབ་གནང་སྟངས་འགྲིགས་མིན་གྱི་རྟགས་མཚན་གསལ་པོ་ཡིན་སྟབས་ གཞུང་ཕྱོགས་ནས་སྐྱབས་བྱོལ་བའི་ཐོག་སྲིད་ཇུས་བཟུང་སྟངས་ལ་ཞིབ་འཇུག་དང་བསྐྱར་ཞིབ་དགོས་ངེས་ཆེན་པོ་ཡིན་པའི་སྐོར་ནན་བརྗོད་གནང་བཞག་

ཨོས་ཀྲེ་རི་ལིའི་གཞུང་གིས་སྐྱབས་བྱོལ་བའི་ཐོག་འཛིན་པའི་སྲིད་ཇུས་ནང་ སྐྱབས་བྱོལ་གྱི་འོས་བབས་ལ་མ་སྟོས་པར་ སྐྱབས་བྱོལ་ཞུ་མཁན་ཡིན་ཕྱིན་ཆད་དོ་དམ་བཀག་སྐྱིལ་ཁང་དུ་བཞག་སྲོལ་ཡོད་པ་མ་ཟད་ སྐྱབས་བྱོལ་ཞུ་མཁན་ཕོ་མོ་དབྱེ་འབྱེད་བྱས་ནས་ ནང་མི་བུ་ཕྲུག་རྣམས་ སྐྱབས་བྱོལ་བའི་བཀག་སྐྱིལ་ཁང་ལོག་ཏུ་ཁ་བྲལ་བཞག་སྟེ་ དོ་དག་སྐྱབས་བྱོལ་བ་རྣམས་ལ་དཀའ་ངལ་ཆེན་པོ་བཟོ་ཡི་ཡོད་པའི་སྐོར་གནས་ཚུལ་གསལ་འདུག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎